不良信息举报
举报原因:
抄袭 广告 违法 脏话 色情 其他
原因补充:
您目前尚未登录,请登录后再进行操作。

当前位置 :项目首页 > 研修日志 > 正文

ཉི་མ་དང་རྒྱུ་སྐར་བར་གྱི་འགུལ་ཤུགས

  发布者:洛藏端智    所属单位:海南州第二民族高级中学    发布时间:2020-11-14    浏览数( -) 【举报】

 ས་བཅད་གཉིས་པ།        ཉི་མ་དང་རྒྱུ་སྐར་བར་གྱི་འགུལ་ཤུགས །

སློབ་ཁྲིད་ཀྱི་དམིགས་ཚད ། 

   གཅིག      ཤེས་བྱ་དང་ནུས་རྩལ །

༡  ཉི་མ་དང་རྒྱུ་སྐར་བར་དུ་འགུག་ཤུགས་ཡོད་པ་གོ་བ་ལོན་དགོས །

༢   ཁེ་ཕི་ལེར་རྒྱུ་སྐར་འགུལ་སྐྱོད་འགུལ་སྐྱོད་གཏན་སྲོལ་དང་ཉིའུ་ཏུན་གཏན་སྲོལ་གསུམ་པ་གཞིར་བཟུང་ནས་ཉི་མ་དང་རྒྱུ་སྐར་བར་གྱི་འགུག་ཤུགས་ཀྱི་མཚོན་བྱེད་ཚུལ་རིགས་འདེད་བྱེད་དགོས །

  གཉིས      བརྒྱུད་རིམ་དང་བྱེད་ཐབས །

ཉི་མ་དང་བརྒྱུད་སྐར་བར་གྱི་འགུག་ཤུགས་སྤྱི་འགྲོས་རིགས་འདེད་་བྱས་པ་བརྒྱུད་ནས་དངོས་ལུགས་རིགས་པའི་ཁྲོད་གཏན་ཚིག་རིགས་པའི་གལ་ཆེན་རང་བཞིན་ངེས་ཤེས་ཡོད་དགོས །

གསུམ      བརྩེ་སེམས་ཀྱི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ །

ཉི་མ་དང་རྒྱུ་སྐར་བར་གྱི་འགུག་ཤུགས་ཉམས་ཚོར་བྱས་པར་བརྟེན་ནས་རང་བྱུང་ཁམས་ཀྱི་གསངབ་་ཉམས་ལེན་བྱེད་པ །

སློབ་ཁྲིད་ཀྱི་གཙོ་གནད །

ཁེ་ཕི་ལེར་རྒྱུ་སྐར་འགུལ་སྐྱོད་གཏན་སྲོལ་དང་ཉིའུ་ཏུན་གཏན་སྲོལ་གསུམ་པ་གཞིར་བཟུང་ནས་ཉི་མ་དང་རྒྱུ་སྐར་བར་གྱི་འགུག་ཤུགས་སྤྱི་འགྲོས་རིགས་འདེད་བྱེད་པ །

སློབ་ཁྲིད་ཀྱི་དཀའ་གནད །

ཉི་མ་དང་རྒྱུ་སྐར་བར་གྱི་འགུག་ཤུགས་སྤྱི་འགྲོས་རིགས་འདེད་བྱེད་པ །

སློབ་ཁྲིད་བྱེད་ཐབས །

དགེ་རྒན་གྱི་བློ་སྒོ་འབྱེད་པ་དང་འཁྲིད་པ །  སློབ་མར་རང་ཉིད་ཀྱི་ཀློག་འདོན་དང་བསམ་གཞིག་བྱས་ཏེ་གྲོས་བསྡུར་དང་སློབ་སྦྱོང་གི་གྲུབ་འབྲས་བརྗེ་རེས་བྱེད་དུ་འཇུག ་པ།

སློབ་ཁྲིད་བརྒྱུད་རིམ །

གཅིག     བསྐྱོར་སྦྱོང་འདྲི་གཞི །     སློབ་ཁྲིད་གསར་བ་ནང་འདྲེན །

འདྲི་གཞི     ཁེ་ཕི་ལེར་རྒྱུ་སྐར་འགུལ་སྐྱོད་གཏན་སྲོལ་གསུམ་གྱི་ནང་དོན་གང་དག་ཡིན ། 

གཏན་སྲོལ་དང་པོ    རྒྱུ་སྐར་ཡོད་ཚད་ཉི་མར་བསྐོར་ནས་འགུལ་སྐྱོད་བྱེད་པའི་འཁོར་ལམ་ཚང་མ་འཇོང་དབྱིབས་ཡིན་ལ །  ཉི་མ་འཇོང་དབྱིས་ཀྱི་མདོ་ཚེག་ཅིག་གི་ཐོག་ཏུ་གནས་པ་ཡིན  །

གཏན་སྲོལ་གཉིས་པ །    རྒྱུ་སྐར་གང་རུང་ལ་མཚོན་ན །   དེ་དང་ཉི་མའི་སྦྲེལ་ཐིག་གིས་དུས་ཚོད་མཚུངས་པའི་ནང་དུ་ཕྱགས་འགོད་བྱས་པའི་རྒྱ་ཁྱོན་ཡང་མཚུངས །    

གཏན་སྲོལ་གསུམ་པ །   རྒྱུ་སྐར་ཡོད་ཚད་ཀྱི་འཁོར་ལམ་གྱི་མདའ་རིང་ཕྱེད་ཀའི་རང་སུམ་སྒྱུར་དང་དེའི་སྤྱི་འཁོར་འཁོར་ཡུན་གྱི་རང་ཉིས་སྒྱུར་གྱི་སྡུར་ཐང་ཚང་མ་འདྲ་མཚུངས་ཡིན །                              སྡུར་ཐང་ k  ནི་རྒྱུ་སྐར་ཡོད་ཚད་ལ་མཚོན་ན་གཅིག་མཚུངས་་ཡིན་པའི་རྒྱུན་ཚད་ཅིག་ཡིན །      

སྤྱི་སྡོམ །    ཁེ་ཕི་ལེར་གཏན་སྲོལ་སློབ་སྦྱོང་བྱས་པ་བརྒྱུད་ནས་རྒྱུ་སྐར་འགུལ་སྐྱོད་བྱེད་སྐབས་བརྩི་སྲུང་བྱེད་པའི་ཆོས་ཉིད་དེ་རྒྱུ་སྐར་ཅི་ལྟར་འགུལ་སྐྱོད་བྱེད་པ་ཤེས །

འོ་ན་རྒྱུ་སྐར་ཅི་ཕྱིར་འད་ལྟར་འགུལ་སྐྱོད་བྱེད་པ་ཡིན་ཞེ་ན །   དེ་རིང་ང་ཚོའི་མཉམ་དུ་སློབ་སྦྱོང་བྱེད་ལ །  གནད་དོན་འདིར་དཔྱད་བསྡུར་ཅིག་བྱེད །

གཉིས     སློབ་ཁྲིད་གསར་བ །

དགེ་རྒན་གྱིས་སློབ་མར་ཁྲིད་ནས་སློབ་དེབ་སྟེང་གི་ཚན་པ་དང་པོ་དང་གཉིས་བལྟ་ཀློག་བྱེད་པ་དང་གཤམ་གྱི་གནད་དོན་ལ་བསམ་གཞིག་བྱེད་དུ་འཇུག

ཅི་ཕྱིར་ཉིའུ་ཏུན་གྱིས་ལེགས་འགྲུབ་བྱུང་སྲིད་ལ་འོན་ཀྱང་ཚན་རིག་པ་གཞན་དག་དག་གིས་ཕན་ཁ་ཉེས་པ་ཡིན །  ཁྱོད་རིང་གི་བལྟས་ན་ཉིའུ་ཏུན་གྱི་གྲུབ་འབྲས་ཐོབ་པའི་གནད་འགག་ནི་ཅི་ཞིག་ཡིན  །

སློབ་མས་སློབ་ཚན་ཀློག་པ་དང་ཚན་ཆུང་གིས་གྲོས་བསྡུར་བྱེད་པ་བརྒྱུད་ནས་སློབ་ཚན་ནང་དེའི་འབྲེལ་ཡོད་ཀྱི་ལན་འཚོལ་བ་དང་ཚན་ཆུང་རེའི་ཚབ་བྱེད་མི་སྣ་རེ་བདམས་ཏེ་དེའི་ལམ་བརྗོད་དུ་བཅུག་པ །

༡    ཉི་མས་རྒྱུ་སྐར་ལ་བཏོན་པའི་འགུག་ཤུགས །

དགེ་རྒན་གྱི་སློབ་མར་ཁྲིད་སྟོན་བྱས་ནས་སློབ་དེབ་ལྟ་ཀློག་དང་དེ་མིན་གཤམ་གསལ་གྱི་གནད་བསྡུས་དག་སྨྱན་མང་གཟུགས་ཀྱི་ལམ་ནས་བརྙན་ཡོལ་སྟེང་དུ་འཆར་རུ་བཅུག་སྟེ །  སློབ་མས་འབྲི་དེབ་སྟེང་དུ་རང་རྐྱ་ཐུབ་པའི་སྒོ་ནས་རིགས་འདེད་བྱ་དགོས ། 

               ༡  རྒྱུ་སྐར་ཉི་མར་བསྐོར་ནས་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱེད་པ་ཡིན །  རྒྱུ་སྐར་ལ་མཁོ་བའི་ལྟེ་ཕྱོགས་ཤུགས་ཀྱི་མཚོན་བྱེད་ཚུལ་འབྲི་བ་དང་དེ་མིན་མཚོན་བྱེད་ཚུལ་ནང་མཚོན་རྟགས་གིས་དངོས་ལུགས་དོན་སྙིང་གསལ་བྱེད་དགོས ། 

༢    རྒྱུ་སྐར་འགུལ་སྐྱོད་ཀྱི་ཐིག་འགྲོས་ཚད v ་དང་འཁོར་འགྲོས T  ཡི་ཚུལ་ཅི་འདྲ་ཡིན །  v ཅིའི་ཕྱིར་འདོར་དགོས །    v  འདོར་རྗེས་ཀྱི་ལྟེ་ཕྱོགས་ཀྱི་མཚོན་ཚུལ་ཕྲིས །

    ༣       ཁེ་ཕི་ལེར་གཏན་སྲོལ་གསུམ་པ་སྤྱད་ནས་འཁོར་ཡུན  T ་ཇི་ལྟར་འདོར་དགོས །   T  ཅིའི་ཕྱིར་འཁོར་ཡུན་འདོར་དགོས །

    ༤       འགུག་ཤུགས་ F དང་བར་ཐག  r  ཡི་བསྡུར་ཕྲེང་ཚུལ་འབྲི་བ་དང་དེའི་དོན་སྙིང་གསལ་བཤད་བྱོས །   

དགེ་རྒན་གྱི་བྱེད་སྒོ   བརྙན་ཡོལ་སྟེང་དུ་རིགས་འདེད་གྱི་བརྒྱུད་རིམ་འཆར་རུ་བཅུག་ནས་དཔྱད་བརྗོད་བྱེད ། 

༢    རྒྱུ་སྐར་གྱིས་ཉི་མར་བཏོན་པའི་འགུག་ཤུགས །

དྲི་བ་འདོན་པ །    རྒྱུ་སྐར་གྱིས་ཉི་མར་བཏོན་པའི་འགུག་ཤུགས་དང་ཉི་མའི་སྤུས་ཚད M  དེ་མིན་རྒྱུ་སྐར་ནས་་ཉི་མའི་བར་ཐག r ་བཅས་ཀྱི་བར་ལ་འབྲེལ་བ་ཅི་ཞིག་ཡོད །   འབྲི་དེབ་སྟེང་དུ་སྔར་སྦྱང་མྱོང་བའི་ཤེས་བྱ་སྤྱད་ནས་རིགས་འདེད་བྱེད་པ ། 

        སློབ་མའི་འབྲི་སྟེང་དུ་ཉིའུ་ཏུན་གཏན་སྲོལ་གསུམ་པ་སྤྱད་ནས་རྒྱུ་སྐར་གྱིས་ཉི་མར་བཏོན་པའི་འགུག་ཤུགས་ F  དང་ཉི་མའི་སྤུས་ཚད་ M  དེ་མིན་རྒྱུ་སྐར་ནས་ཉི་མའི་བར་ཐག  r  བཅས་བར་གྱི་འབྲེལ་བ་རིགས་འདེད་བྱེད་པ །

དགེ་རྒན་གྱི་བྱེད་སྒོ   བརྙན་ཡོལ་སྟེང་དུ་རིགས་འདེད་གྱི་བརྒྱུད་རིམ་འཆར་རུ་བཅུག་ནས་དཔྱད་བརྗོད་བྱེད ། 

༣      ཉི་མ་དང་རྒྱུ་སྐར་བར་གྱི་འགུག་ཤུགས།

དྲི་བ་འདོན་པ།      གོང་གི་རིགས་འདེད་བརྒྱུད་རིམ་ཕྱོགས་སྡོམ་བྱས་ནས་ཉི་མ་དང་རྒྱུ་སྐར་བར་གྱི་འགུག་ཤུགས་དང་། ཉི་མའི་སྤུས་ཚད་དེ་མིན་དེ་གཉིས་བར་གྱི་བར་ཐག་གི་འབྲེལ་བའི་ཚུལ་རིགས་འདེད་བྱེད །  སྡོམ་ཚིགས་ཅི་འདྲ་བ་ཞིག་རིགས་འདེད་བྱེད་ཐུབ་པར་ལྟ་བ ། 

སློབ་མའི་སྦྱོང་དེབ་སྟེང་དུ་ཉི་མ་དང་རྒྱུ་སྐར་བར་གྱི་འགུག་ཤུགས་ཀྱི་མཚོན་བྱེད་ཚུལ་རིགས་འདེད་བྱེད ། 

བརྙན་ཡོལ་སྟེང་དུ་སློབ་མའི་རིགས་འདེད་གྱི་བརྒྱུད་རིམ་འཆར་རུ་བཅུག་ནས་མཉམ་དུ་དཔྱད་བརྗོད་བྱེད ། 

༤    དཔེ་མཚོན་འཚོལ་དཔྱད །

དཔེ   སྐར་མ་མིག་དམར་ཉི་མར་བསྐོར་ནས་འགུལ་སྐྱོད་བྱེད་པ་ནི་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་དུ་བལྟས་ཆོག   སྐར་མ་མིག་དམར་དང་ཉི་མའི་བར་གྱི་འགུག་ཤུགས་ཀྱིས་སྐར་མ་མིག་དམར་འགུལ་སྐྱོད་བྱེད་པའི་ལྟེ་ཕྱོགས་ཤུགས་འདོན་སྤྲོད་བྱེད །   སྐར་མ་མིག་དམར་བརྒྱུད་པའི་འཁོར་ལམ་ཚངས་ཕྱེད་ནི་ r  དང་འཁོར་ཡུན་ནི་ T  འགུག་ཤུག་ས་རྒྱུན་ཚད་ཡིན་ཤེས་ཟིན །  ཉི་མའི་སྤུས་ཚད M ་ཡི་མཚོན་བྱེད་ཚུལ་ཕྲིས ། 

དབྱེ་ཞིབ །    སྐར་མ་མིག་དམར་དང་ཉི་མའི་བར་གྱི་འགུག་ཤུགས་མཚོན་བྱེད་ཚུལ་ནི       ཚུལ་དེའི་ནང་G ནི་འགུག་ཤུགས་རྒྱུན་ཚད །   M  ནི་ཉི་མའི་སྤུས་ཚད །   m  ནི་སྐར་མ་མིག་དམར་གྱི་སྤུས་ཚད །  r  ནི་འཁོར་ལམ་ཚངས་ཕྱེད་ཡིན །    སྐར་མ་མིག་དམར་འགུལ་སྐྱོད་བྱེད་པའི་ཐིག་འགྲོས་ཚད་ནི་ v  ཡིན་པར་ཆ་བཞག་ན །   F  ཡིས་སྐར་མ་མིག་དམར་འགུལ་སྐྱོད་བྱེད་པའི་ལྟེ་ཕྱོགས་ཤུགས་འདོན་སྤྲོད་བྱེད །  དེ་ལས།

ཐིག་འགྲོས་ཚད་དང་འཁོར་ཡུན་གྱི་འབྲེལ་བ་ལས         

ཐོབ་པའི་ཉི་མའི་སྤུས་ཚད་ནི   

གསུམ     སློབ་ཐུན་སྤྱི་སྡོམ །

སློབ་ཁྲོད་ཀྱི་ནང་དོན་སློབ་མར་རང་ཉིད་མདོར་བསྡུས་ཀྱི་ཕྱོགས་སྡོམ་བྱེད་དུ་འཇུག་པ །  སློབ་གྲོགས་ཞིག་ཁྲིད་སྟགས་སྟེང་དུ་བོས་ནས་སྒོ་སམ་ངོས་སུ་སྤྱི་སྡོམ་བྱེད་དུ་འཇུག་པ་དང་སློབ་གྲོགས་གཞན་དག་གིས་ཟིན་བྲིས་སུ་སྤྱི་སྡོམ་བྱེད་འཇུག   དེ་རྗེས་སློབ་མར་སྒོ་སམ་སྟེང་གི་ནང་དོན་ལ་གདེང་འཇོག་བྱེད་དུ་བཅུག་རྗེས་དགེ་རྒན་གྱི་དཔྱད་བརྗོད་བྱེད །

   བཞི    ལས་བྱ །

༡  སློབ་དེབ་སྟེང་གི་ཤོད་ཅིག་ཞེས་པའི་ཚན་བྱང་ནང་གི་གནད་དོན་ལ་བསམ་གཞིག་བྱེད་པ །

༢  འདྲི་གཞི་དང་སྦྱང་ཚན་ལེགས་འགྲུབ་བྱ་དགོས ། 

研修日志

最新研修日志

热评研修日志

热门研修日志

AI推荐 换一批