不良信息举报
举报原因:
抄袭 广告 违法 脏话 色情 其他
原因补充:
您目前尚未登录,请登录后再进行操作。

当前位置 :项目首页 > 研修日志 > 正文

འཚོ་བའི་ཁྲོད་ཀྱི་སྒོར་མཐའི་འགུལ་སྐྱོད །

  发布者:洛藏端智    所属单位:海南州第二民族高级中学    发布时间:2020-11-14    浏览数( -) 【举报】

འཚོ་བའི་ཁྲོད་ཀྱི་སྒོར་མཐའི་འགུལ་སྐྱོད ། 

སློབ་ཁྲིད་དམིགས་ཚད །

 

གཅིག   ཤེས་བྱ་དང་ནུས་རྩལ །

         ༡      ལྟེ་ཕྱོགས་ཤུགས་ནི་ཚངས་ཕྱེད་ཁ་ཕྱོགས་སུ་དེད་པའི་དངོས་གཟུགས་ལ་ཐེབས་པའི་སྡོམ་ཤུགས་ཡིན་པ་ཤེས་དགོས །

          ༢    ལྟེ་ཕྱོགས་ཤུགས་དང་།  ལྟེ་ཕྱོགས་འགྲོས་སྣོན་ཚད་ཀྱི་སྤྱི་འགྲོས་དེ་འགྲོས་འགྱུར་སྒོར་མཐའི་འགུལ་སྐྱོད་དུ་ཡང་སྤྱོད་ཆོག་པ་ཤེས་དགོས །

         ༣  གནད་དོན་བྱེ་བྲག་ཁྲོད་ལྟེ་ཕྱོགས་ཤུགས་ཀྱི་འབྱུང་ཁུངས་དབྱེ་ཞིབ་བྱེད་ཤེས་དགོས །

  

གཉིས   བརྒྱུད་རིམ་དང་བྱེད་ཐབས །

དངོས་དཔེ་འགའི་དབྱེ་ཞིབ་བརྒྱུད་ནས །   སློབ་མར་གནད་དོན་བྱེ་བྲག་ལ་དབྱེ་ཞིབ་བྱེ་བྲག་པ་བྱེད་ཤེས་སུ་འཇུག་དགོས །

 

 གསུམ  བརྩེ་སེམས་དང་རིམ་ཐང་གི་ལྟ་བ །

སློབ་མའི་དབྱེ་ཞིབ་བྱེད་པའི་ནུས་པ་དང་།  ཕྱོགས་བསྡོམ་་ནུས་པ ། རིགས་འདེད་བྱེད་པའི་ནུས་པ་བཅས་གསོ་སྐྱོང་བྱེད་པ་དང་།  དོན་དངོས་ཀྱི་གནད་དོན་ཡང་དག་པའི་སྒོ་ནས་དབྱེ་ཞིབ་བྱེད་པའི་རིགས་ལམ་དང་ཐབས་ལམ་གསོ་སྐྱོང་བྱེད་པ །

སློབ་ཁྲིད་ཀྱི་གཙོ་གནད །

༡    འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་ཀྱི་ལྟེ་ཕྱོགས་ཤུགས་ཀྱི་སྤྱི་འགྲོས་དང་སྒོར་མཐའི་འགུལ་སྐྱོད་ཀྱི་འབྲེལ་ཡོད་སྤྱི་འགྲོས་དག་ཁོང་དུ་ཆུད་པར་བྱེད ་པ།

༢   གོང་སྨྲས་སྤྱི་འགྲོས་སྤྱད་ནས་སྒོར་མཐའི་འགུལ་སྐྱོད་ཀྱི་འབྲེལ་ཡོད་དངོས་དཔེར་ཐག་གཅོད་བྱེད་པ །

སློབ་ཁྲིད་ཀྱི་དཀའ་གནད །

འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱེད་པའི་དངོས་གཟུགས་ལ་ཐེབས་པའི་ལྟེ་ཕྱོགས་ཤུགས་ནི་ཤུགས་འགའི་སྡོམ་ཤུགས་ཀྱིས་འདོན་སྤྲོད་བྱེད་པ་ལས་ཁྱད་པར་ཅན་གྱི་ཤུགས་ཤིག་མིན་པར་རྟོགས་པ །

སློབ་ཁྲིད་བྱེད་ཐབས །

འཆད་ཁྲིད་ཐབས །  དབྱེ་ཞིབ་ཕྱོགས་བསྡུས་ཐབས །  རིགས་འདེད་ཐབས །

 

སློབ་ཁྲིད་བརྒྱུད་རིམ །

   གཅིག     སློབ་ཁྲིད་གསར་བ་ནང་འཇུག

༡       བསྐྱར་སྦྱོང་འདྲི་གཞི །

              ༡    ལྟེ་ཕྱོགས་ཤུགས་འགྲོས་སྣོན་ཅི་ལྟར་དགྲོལ །

               ༢    ལྟེ་ཕྱོགས་ཤུགས་ཀྱི་བརྩི་བའི་སྤྱི་འགྲོས་གང་དག་ཡོད ། 

༢    ནང་འདྲེན །   སློབ་ཐུན་འདིའི་ནང་དུ་ང་ཚོས་གོང་སྨྲས་ཀྱི་སྤྱི་འགྲོས་སྤྱད་ནས་དོན་དངོས་ཀྱི་གནད་དོན་འགའ་དབྱེ་ཞིབ་བྱེད །

     གཉིས    སློབ་ཁྲིད་གསར་བ །

གཅིག   ལྟེ་ཕྱོགས་ཤུགས་ཀྱི་སྤྱི་འགྲོས་སྤྱད་ནས་རྩིས་གཞི་འགྲོས་བའི་གོ་རིམ །

     ༡  ཞིབ་འཇུག་བྱ་ཡུལ་གཏན་འབེབས་གསལ་བོར་དགོས་ལ་དེ་ངོས་སྙོམས་གང་ཞིག་གི་ནང་དུ་སྒོར་མཐའ་འགུལ་སྐྱོད་བྱེད་པ་དང་སྒོར་ལྟེ་དང་ཚངས་ཕྱེད་འཚོལ་བ །

༢   ཞིབ་འཇུག་བྱ་ཡུལ་གནས་ས་གང་ཞིག་ཏུ་གནས་པའི་རྣམ་པ་གསལ་བོར་གཏན་འཁེལ་་བྱས་ནས་བྱེ་བྲག་གིས་ཤུགས་ཐེབས་ཚུལ་དབྱེ་ཞིབ་དང་ཤུགས་གང་དག་གིས་ལྟེ་ཕྱོགས་ཤུགས་འདོན་སྤྲོད་བྱེད་པ་དབྱེ་ཞིབ་བྱ་དགོས །

    ༣    ལྟེ་ཕྱོགས་ཤུགས་ཀྱི་ཁ་ཕྱོགས་ནི་གནས་ཚད་མ་ལག་གི་དངོས་ཕྱོགས་བྱེད་པ་དང་ལྟེ་ཕྱོགས་ཤུགས་ཀྱི་སྤྱི་འགྲོས་གཞིར་བཟུང་ནས་མཉམ་བྱ་སྒྲིག་པ །

   ༤   མཉམ་བྱ་འགྲོལ་བ་དང་དས་མཇུག་འབྲས་ལ་དགོས་ངེས་ཀྱི་གྲོས་བསྡུར་བྱ་དགོས ། 

གཉིས    དངོས་དཔེ་དབྱེ་ཞིབ ། 

༡      མེ་འཁོར་གྱི་དཀྱོགས་ལམ

མེ་འཁོར་ལྕགས་ལམ་དྲང་སྙོམས་ངོས་སུ་བསྐྱོད་སྐབས་ཐེབས་པའི་སྡོམ་ཤུགས་ནི་ 0   ཡིན །     འོ་ན །  གལ་ཏེ་ཁ་ལོ་སྐྱོག་སྐབས །  ང་ཚོས་དེ་སྒོར་མཐའི་འགུལ་སྐྱོད་བྱེད་ཟེར །  འོ་ན་ཤུགས་ཅི་ཞིག་གིས་མེ་འཁོར་གྱི་ལྟེ་ཕྱོགས་ཤུགས་འདོན་སྤྲོད་བྱས་པ་ཡིན་ཞེ་ན །  མ་གཞིར་འཁོར་ལོའི་མུ་ཁྱུད་དང་ལྕགས་ལམ་ཕྱི་མའི་བཙུར་གནོན་ལས་བྱུང་བའི་ལྕགས་ལམ་ཕྱི་མས་འཁོར་ལོ་ལ་བཏོན་པའི་ལྡེམ་ཤུགས་ཀྱིས་ལྟེ་ཕྱོགས་ཤུགས་འདོན་སྤྲོད་བྱས །  ཡིན་ན་ཡང་།  མེ་འཁོར་གྱི་སྤུས་ཚད་ཧ་ཅང་ཆེ་བས་ལྕགས་ལམ་ཕྱི་་མ་བར་གྱི་ཕན་ཚུན་བྱེད་ནུས་ཤུགས་ཧ་ཅང་ཆེ་པས་ལྕགས་ལམ་དང་འཁོར་ལོ་ལ་ཆག་སྐྱོན་འབྱུང་སླ །  དེའི་རྐྱེན་གྱིས་དཀྱོགས་ལམ་གནས་ཚུལ་ནི་དཔེ་རིས་ལྟར །

 aལྕགས་ལམ་ཕྱི་མ་དེ་ནང་མ་ལས་ཅུང་མཐོ །

 bསྐབས་དེར་མེ་འཁོར་གྱི་འདེགས་ཤུགས་ཡི་ཁ་ཕྱོགས་གྱེན་དྲང་མིན་པར་དཀྱོགས་ལམ་གྱི་ནང་ལོགས་སུ་གསེས་ཡོད །

cསྐབས་དེར་འདེགས་ཤུགས་དང་ལྗིད་ཤུགས་ཀྱི་སྡོམ་ཤུགས་ཀྱིས་མེ་འཁོར་ཁ་ལོ་སྐྱོག་པར་མཁོ་བའི་ལྟེ་ཕྱོགས་ཤུགས་འདེན་སྤྲོད་བྱེད །

dདཀྱོགས་མཚམས་སུ་ལྕགས་ལམ་ཕྱི་ནང་གི་མཐོ་འཚམ་ཞིག་བདམས་ཏེ།  ཁ་ལོ་སྐྱོག་སྐབས་དེར་མཁོ་བའི་ལྟེ་ཕྱོགས་ཤུགས་ཕར་ཆར་ཚང་མ་ལྗིད་ཤུགས་དང་འདེགས་ཤ་གས་ G ཡི་སྡོམས་ཤུགས་ཀྱིས་འདོན་པར་བྱེད་དགོས །   འདི་ལྟར་བྱས་ན་ལྕགས་ལམ་ཕྱི་མར་འཁོར་ལོའི་མུ་ཁྱུད་ཀྱིས་བཙུར་གནོན་མི་ཐེབས །

༢   རླངས་འཁོར་གཞུ་དབྱིབས་ཟམ་པར་བརྒྱུད་དུས་དང་འཕུར་སྐྱོད་འཕྲུལ་ཆས་ནང་གི་ལྗིད་ཤོར་སྣང་ཚུལ །

དཔེ་རིས་ལས་གལ་ཏེ་རླངས་འཁོར་ཞིག་གཞི་དབྱིབས་ཟམ་པའི་ཐོག་འགྲོས་ཚད་ v ལྟར་མདུན་དུ་བསྐྱོད་པ་དང་།  ཟམ་ངོས་ཀྱི་སྒོར་གཞིའི་ཚངས་ཕྱེདR་ཡིན་པར་ཆ་བཞག་ན །   རླངས་འཁོར་དེ་ཟམ་པའི་ཆེས་མཐོ་སར་སྐྱོད་སྐབས་ཟམ་ངོས་སུ་ཐེབས་པའི་གནོན་ཤུགས་ཅི་ཙམ་ཡིན །

   

རླངས་འཁོར་ཞིབ་འཇུག་བྱ་ཡུལ་དུ་འདེམས་པ །

 རླངས་འཁོར་ལ་ཤུགས་ཐེབས་ཚུལ་དབྱེ་ཞིབ་བྱེད་པ །      ཟམ་པས་རླངས་འཁོར་བཏོན་པའི་འདེགས་ཤུགས་དང་ལྗིད་ཤུགས་ཐེབས་པ །

གོང་སྨྲས་ཤུགས་གཉིས་ཀྱི་སྡོམ་ཤུགས་ཀྱིས་ལྟེ་ཕྱོགས་ཤུགས་འདོན་སྤྲོད་བྱེད་ལ་ལྟེ་ཕྱོགས་ཤུགས་ཀྱི་ཁ་ཕྱོགས་ནི་ཐུར་དུ་ཕྱོགས་ཡོད །

 འབྲེལ་བའི་ཚུལ་འཛུགས་པ །

འདེགས་ཤུགས་དང་གནོན་ཤུགས་གཉིས་ནི་བྱེད་ནུས་ཤུགས་དང་ལྡོག་པའི་བྱེད་ནུས་ཤུགས་ཆ་ཅིག་ཡིན་ཕྱིར་  

དེ་མིན །     གོང་སྨས་ཀྱི་དཔེ་དང་བསྡུར་བ་བྱས་ཏེ་རིགས་འདེད་བརྒྱུད་ནས་འཕུར་སྐྱོད་འཕྲུལ་ཆས་ནང་གི་ལྗིད་ཤོར་སྣང་ཚུལ་གྱི་རྒྱུ་རྐྱེན་གོ་བ་ལེན་ཐུབ །         དེ་བཀྲོལ་ན་ཐོབ་ཐུབ །  གལ་ཏེ་    སྐབས་འཕུར་གྲུའི་འདུག་སྟེགས་ཀྱིས་འཕུར་སྐྱོད་ལ་བཏོན་པའི་འདེགས་ཤུགས FN =0་ཡིན་ལ་འཕུར་སྐྱོད་པ་ལྗིད་ཤོར་རྣམ་པར་གནས །

༣    ལྟེ་བྲལ་འགུལ་སྐྱོད ། 

སྒོར་མཐའི་འགུལ་སྐྱོད་བྱེད་པའི་དངོས་གཟུགས་ཀྱི་ཐིག་འགྲོས་ཚད་ཀྱི་ཁ་ཕྱོགས་ཕྲད་ཐིག་སྟེང་དུ་ཡོད །  དངོས་གཟུགས་ཕྲད་ཐིག་དེད་ནས་མི་འཕུར་བའི་རྒྱུ་མཚན་ནི་དེར་ཐེབས་པའི་སྡོམ་ཤུགས་ཀྱིས་ལྟེ་ཕྱོགས་འདེན་སྤྲོད་བྱེས་པའི་རྐྱེན་ཡིན །   གལ་ཏེ་ལྟེ་ཕྱོགས་ཤུགས་གློ་བུར་དུ་ཡལ་ན །  དངོས་གཟུགས་ཕྲད་ཐིག་ཕྱོགས་སུ་འཕུར་བ་རེད །   གལ་ཏེ་ལྟེ་ཕྱོགས་འདང་ངེས་ཤིག་འདོན་མི་ཐུབ་ཚེ ། དངོས་གཟུགས་ཕྲད་ཐིག་དེད་ནས་འཕུར་མི་སྲིད་ལ །  རིམ་བཞིན་སྒོར་ལྟ་དང་རིང་དུ་འབྲལ་སྲིད ། 

1མཚན་ཉིད      སྒོར་མཐའི་འགུལ་སྐྱོད་བྱེད་པའི་དངོས་གཟུགས་ཀྱི་སྡོམ་ཤུགས་གློ་བུར་དུ་ཡལ་བ་དང་ཡང་ན་ལྟེ་ཕྱོགས་ཤུགས་འདང་ངེས་ཤིག་འདོན་མི་ཐུབ་པའི་གནས་ཚུལ་འོག  དངོས་གཟུགས་སྒོར་ལྟེ་དང་བྲལ་ནས་འགུལ་སྐྱོད་བྱེད །  འགུལ་སྐྱོད་འདིའི་རིགས་ལ་ལྟེ་བྲལ་འགུལ་སྐྱོད་ཟེར།   དཔེ་རིས་ལས ། 

2 སྤྱོད་སྒོ།    ཆུ་འདོར་ལྟེ་བྲལ་ཆས།    སྲིད་ཀ་མེད་པའི་ལྕགས་སྦུག་གྱི་ཐོན་སྐྱེད །  ཨར་འདམ་གྱི་སྦུ་གུ

གློག་སྡོང་སོགས་བཟོ་སྐབས་ཀྱང་ལྟེ་བྲལ་སྦུག་བཟོ་ལག་རྩལ་སྤྱོད །

༤  དངོས་དཔེ་འཚོལ་ཞིབ །

དཔེར ༡   རྩལ་རྩེད་པའི་ཆུ་སྐར་མདའ་འཁྲབ་སྟོན་བྱེད་སྐབས །  ཆུ་བླུགས་ཡོད་པའི་ཆུ་ཟོམ་ཐག་པས་མདུད་པ་དང་དེ་གཞུང་ཕྱོགས་སྙོམས་ངོས་སུ་སྒོར་མཐའི་འགུལ་སྐྱོད་བྱེད །  གལ་ཏེ་སྤུས་ཚད་ m0.5 kg    དང་ཐག་པའི་རིང་ཚད་  l60 cm    ཡིན་པར་བྱས་ན །   རྩིས་བྱ །

1   ཆེས་མཐོ་སར་ནས་ཆུ་མི་བཞུར་བའི་ཆེས་ཆུང་བའི་འགྲོས་ཕྱོད །

2 ཆུ་ཆེས་མཐོ་སའི་གནས་ཀྱི་འགྲོས་ཕྱོད་ v3 m/s    སྐབས།     ཆུ་ཡིས་ཟོ་བའི་མཐུལ་ལ་བཏོན་པའི་གནོན་ཤུགས །  

དབྱེ་ཞིབ །    ༡  ཆེས་མཐོ་སའི་གནས་ནས་ཆུ་མར་མི་བཞུར་བའི་ཆ་རྐྱེན་ལྗིད་ཤུགས་ནི་ཆུ་སྒོར་མཐའི་འགུལ་སྐྱོད་བྱེད་པར་མཁོ་བའི་ལྟེ་ཕྱོགས་ཤུགས་ལས་མི་ཆེ་སྟེ །  mgm

ཆེས་ཆུང་བའི་འགྲོས་ཕྱོད །  v0 m/s2.42 m/s.

 ༢     ཆེས་མཐོ་བའི་གནས་ཀྱི་ཆུའི་འགྲོས་ཕྱོད་ནི v0   ་ལས་ཆེ་སྐབས །  ལྗིད་ཤུགས་ཁོ་ནར་རྟེན་པའི་ལྟེ་ཕྱོགས་ཤུགས་ཀྱི་མི་འདེང་།  དེས་དུས་ཟོ་་བའི་མཐུལ་གྱིས་ཆུ་ལ་ཐུར་ཕྱོགས་ཀྱི་གནོན་ཤུགས་ཡོད །  FN         ཡིན་པར་ཆ་བཞག་ན །   ཉིའུ་ཏུན་གཏན་སྲོལ་གཉིས་པ་ལས །

FNmgm

FNmmg2.6 N

ཉིའུ་ཏུན་གཏན་སྲོལ་གསུམ་པ་ལས་ཤེས་གསལ་ལྟར །   ཆུ་ཡིས་ཟོལ་བའི་མཐུལ་ལ་བཏོན་པའི་བྱེད་ནུས་ཤུགས FN ′=FN2.6 N    གཞུང་དྲང་གྱེན་ཕྱོགས ། 

དཔྱད་གླེང་ །     མཐའ་མཚམས་རྣམ་པར་འཛིན་པ །  མཐའ་མཚམས་ཆ་རྐྱེན་འཚོལ་བ་ནི་གནད་དོན་འདིའི་རིགས་ཐག་གཅོད་བྱེད་པའི་གནད་འགག་ཡིན།

གསུམསྤྱི་བསྡོམས།  སློབ་མར་རང་ཉིད་སྤྱི་བསྡོམས་བྱེད་དུ་འཇུག་པ།

ལས་བྱ།གནད་དོན་དང་གཤར་སྦྱང་།1234

研修日志

最新研修日志

热评研修日志

热门研修日志

AI推荐 换一批