༢༠༡༥_༢༠༡༦ལོའི་སློབ་དུས་དང་པོའི་ལོ་རིམ་བརྒྱད་པའི་བོད་ཡིག་སློབ་དཀྱིལ་རྒྱུགས་ཤོག
འཛིན་གྲྭ། རང་མིང་། སློབ་ཨང་།
དང་པོ། སྟོང་ཆ་ཁ་སྐོང་བྱ་རྒྱུ། (སྐར14 ´0.5=17)
༡.«བོད་ཀྱི་པར་སྐྲུན»ཞེས་པའི་རྩོམ་ཡིག་གི་རྩོམ་པ་པོ་ནི་ ཡིན་ཞིང་། «དགེ་ལྡན་ལེགས་བཤད»ཅེས་པའི་རྩོམ་ཡིག་གི་རྩོམ་པ་པོ་ནི་ ཡིན།
༢.«དགེ་ལྡན་ལེགས་བཤད»ལས། མཁས་པ་སྔར་འདྲིས་མ་གཏོགས་པ།། གློ་བུར་འཕྲད་ལ་ཡིད་མི་རྟོན།། ཞེས་པའི་དོན་གྱི་དཔེ་ནི །། །།ཞེས་པ་དེ་ཡིན།
༣.གྲོས་ཚོགས་ཟིན་བྲིས་འགོད་སྐབས་ དང་། ། ། བཅས་ཆ་རྐྱེན་ཁག་བཞི་ཚང་དགོས་པ་ཞིག་ཡིན།
༤.དཔེ་རྒྱན་ནི་ རྒྱན་གྱི་ནང་གསེས་ཤིག་ཡིན་ལ། དེར་དབྱེ་ན་ ཡོད།
༥.བོད་ཀྱི་པར་ཁང་ཆེ་ཤོས་བཞི་ནི་ ། ། ། བཅས་སོ།།
གཉིས་པ། གདམ་འཇུག་བྱ་རྒྱུ། (འོས་འཚམ་གྱི་ལན་སྣ་གཅིག་རེ་འདེམས་འཇུག་བྱོས། སྐར5 ´3=15)
༡.ཆོས་དཔེ་ནི་དཔེ་རྒྱན་གྱི་ནང་གསེས( )ཡིན།
ཀ གཉིས་པ། ཁ། གསུམ་པ། ག དང་པོ།
༢.ཡིག་མཁན་ཆབ་དཀར་བེའུ་ཚེ་ཟེར་བས་བྲིས་པའི་ཡིག་གཟུགས་ལ“ ”ཟེར།
ཀ སྦལ་ནག་ན་ཁར་བགྲད་འདྲ། ཁ། ཉ་མོ་ཆུ་ནང་ནས་ཐོན་པ་འདྲ་བ།
ག སེང་གེ་གནམ་དུ་མཆོངས་པ་འདྲ་བ། ང་། བྱ་ཕོ་འཇོལ་བ་འདྲ་བ།
༣.མཛེས་ཀྱང་མཛེས་ཞེས་པའི“ཀྱང”ནི་རྒྱན་སྡུད་ཀྱི་ནང་ཚན( )ལ་འཇུག་པ་ཡིན།
ཀ མི་མཐུན་པའི་ཚིག་རྒྱན། ཁ། མཐུན་པའི་ཚིག་རྒྱན། ག སྡུད་པ།
༤.མཚུངས་ཆོས་ཞེས་པ་ནི( )མཚུངས་པའི་ཆོས་ལ་ཟེར།
ཀ དཔེ་ཅན་གྱི་ཁྱད་ཆོས། ཁ། དཔེ་དང་དཔེ་ཅན་གྱི་ཁྱད་ཆོས། ག དཔེའི་ཁྱད་ཆོས།
༥.གཤམ་གྱི་མིང་ཚིག་ཁག་གསུམ་ལས་ཡིག་ནོར་མེད་པའི་ཁག་གཅིག་ནི( )ཡིན།
ཀ མཐོན་མཐིང་། མཐུས་ཚང་། ཐོན་མི། ཁ། ཊམ་ཟེ། སྲོགས་ཆགས། རྣམ་དཔྱོད། ག ཡིག་ཟོར། བརྐོས་རིས། སྣེའུ་རྫོང་།
གསུམ་པ། གཤམ་གྱི་ཐ་སྙད་དག་ལ་འགྲེལ་བ་རེ་ཕྲིས། (སྐར5´4=20)
༡. པུར་རྒྱལ། ༢. ཐུགས་ཡངས།
༣. གཙེས་པ། ༤. ཛམ་བུ་ནཱ་ད།
༥. གདུང་བ།
བཞི་པ། འགྲིག་མིན་བརྡར་ཤ་གཅོད་རྒྱུ། (དོན་འགྲིག་པར་རྟགས“Ö”དང་། མི་འགྲིག་པར་རྟགས“´” རྒྱོབས། སྐར4 ´2=8)
༡.སྤྱི་ལོ1741ལོར། སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་བཀའ་བསྟན་ཆ་ཚང་ཤིང་པར་ཐོག་བརྐོས་ཏེ་པཎ་ཆེན་སྐུ་ཕྲེང་ལྔ་པར་ཕུལ།( )
༢.བརྡ་སྤྲོད་ཀྱི་གཞུང་དུ་འབོད་པ་གསལ་བྱེད་ཀྱི་སྒྲ་ལ་ཀྱེ་དང་ཀྭ་ཡེ་གཉིས་ལས་དངོས་སུ་བསྟན་མེད་ཀྱང་། འབོད་པ་གསལ་བྱེད་ཀྱི་སྒྲ་ལ་གཞན་ད་དུང་ཁོ་རེ་དང་། མོ་རེ། ཨ་རོགས་ལ་སོགས་མང་པོ་ཡོད་པར་གསུངས།( )
༣. ལྷན་ཐབས་ཞེས་པ་ནི་སྦྱོང་ཚན་འབྲི་སའི་འབྲི་དེབ་རིགས་ཤིག་ཡིན།( )
༤.དབུ་མེད་ཀྱི་ཡིག་གཟུགས་ལས་ལྡན་ལུགས་གསར་གཏོད་གནང་མཁན་ནི་ལོ་ཙཱ་བ་ལྡན་མ་རྩེ་མངས་ཡིན་ནོ།།( )
ལྔ་པ། དྲི་བར་ལན་གདབ་དགོས། (སྐར2 ´5=10)
༡. ཅི་ཞིག་ལ་རྣམ་དབྱེ་བརྒྱད་པ་འབོད་སྒྲ་ཞེས་ཟེར།
ལན།
༢.སློབ་དཔོན་ཐོན་མིས་བོད་ཡིག་ཇི་ལྟར་གསར་བཅོས་གནང་བ་ཡིན་ནམ།
ལན་དུ།
དྲུག་པ། ལྟ་ཀློག་དང་དབྱེ་ཞིབ།
ལྔ་རིག་གནས་ལ་ཐུགས་ཡངས་ཀུན་གསལ་ལམ།།
འཆད་པའི་ཕྱོགས་ལ་རབ་མཁས་དབྱར་སྐྱེས་རྔ་།།
རྩོད་པའི་ཆ་ལ་བྱང་བ་བར་སྣང་གློག །
རྩོམ་ལ་ཐོགས་མེད་ཆར་གྱི་རྒྱུན་དང་མཚུངས།།
གོང་གསལ་ཚིགས་བཅད་ཤློོ་ཀ་བཀླགས་ནས་དྲི་བར་ལན་འདེབས་དགོས།
༡.དྲི་བར་ལན་གདབ་རྒྱུ།
དྲི་བ་ཀ་པ། ཚིགས་བཅད་འདི་དཔེ་རྒྱན་ལས་རྒྱན་གང་གི་དཔེར་བརྗོད་དུ་གཏོགས་སམ།(སྐར3)
ལན།
དྲི་བ་ཁ་པ། “ལྔ་རིག”ཅེས་པ་གང་ལ་གོ་དགོས་སམ། (སྐར3)
ལན་དུ།
༢.རྒྱན་འདི་ལས་དཔེ་དང་དཔེ་ཅན་ཚིག་རྐང་རིམ་པ་ལྟར་ངོས་འཛིན་བྱས་ཏེ་གཤམ་གྱི་གུག་རྟགས་ནང་ཕྲིས།(སྐར4´2=8)
ཚིག་རྐང་དང་པའི་དཔེ་ཅན་ནི་ ། དཔེ་ནི་ །
ཚིག་རྐང་གཉིས་པའི་དཔེ་ཅན་ནི་ ། དཔེ་ནི་ །
ཚིག་རྐང་གསུམ་པའི་དཔེ་ཅན་ནི་ ། དཔེ་ནི་ །
ཚིག་རྐང་བཞི་པའི་དཔེ་ཅན་ནི་ ། དཔེ་ནི་ །
བདུན་པ། རྩོམ་ཡིག་བྲི་བྱ། (སྐར16)
རང་ཉིད་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་བཀའ་དྲིན་ཆེ་བའི་མི་སྣ་མང་པོ་ཞིག་དང་འཕྲད་ཡོད་པ་སྨོས་མེད་རེད། དེས་ན། ཁྱེད་ཀྱིས་འདས་ཟིན་པའི་ལོ་ཟླར་ཕྱིར་མིག་ཅིག་བལྟས་ཏེ་མི་སྣ་དེ་དག་གི་ཁྲོད་ནས་དཔེ་མཚོན་འོས་པ་ཞིག་བདམས་ནས། དེའི་བཀའ་དྲིན་དྲན་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ཕྲིས།།
རྩོམ་འབྲིའི་རེ་འདུན།
༡.རྩོམ་ཡིག་གི་ཁ་བྱང་རང་གིས་གཏན་འཁེལ་བྱོས།
༢.ནང་དོན་ཁ་གསལ་ཞིང་གོ་རིམ་ལྡན་ལ། ཕྲད་དང་དག་ནོར་མེད་པ་ཞིག་དགོས།
༣.མི་སྣའི་གཟུགས་བརྙན་ཞིབ་འབྲི་མདོར་བསྡུས་བྱེད་དགོས།
༤.ཡིག་འབྲུ350ཡས་མས་བྲིས་པས་ཆོག
2015年