关于旅游的翻译作品

发布者:仁青卓玛     所属单位:那曲地区那曲县中学     发布时间:2016-09-12    浏览数:0

 

ཡུལ་སྐོར། 

      ༢༡༢ཡུལ་སྐོར་དུ་འགྲོ་རྒྱུ་ནི་སློབ་གསོའི་སྤྱིར་བཏང་གི་ཆེས་མཇུག་མཐའི་བྱ་བ་ཉག་ཅིག་རེད།

ཚང་མས་ཡུལ་སྐོར་དུ་སོང་རྗེས་བྱ་བ་འགྲུབ་ལ་སྐྱེས་བུ་དམ་པ་ཞིག་ཏུ་གྱུར་ཟིན་བསམ་བཞིན་ཡོད། ཕྱི་

རྒྱལ་ལ་ཡུལ་སྐོར་དུ་སོང་ན་ཕན་པ་ཧ་ཅང་ཆེན་པོ་ཡོད་པ་ནི་ངས་ཀྱང་ཁས་ལེན་མོད། འོང་ཀྱང་སྤྱིར་

བཏང་གི་ན་གཞོན་ཕྱི་རྒྱལ་ལ་ཡུལ་སྐོར་དུ་མངགས་གཏོང་བྱེད་པའི་ལོ་ཚོད་དེ་ནི་ཁོ་ཚོ་ལ་ཕྱོགས་གང་ཐད་ཀྱི་ཕན་པ་ཆེས་ཐོབ་མི་ཐུབ་པའི་དུས་ཤིག་རེད་བསམ། ཡུལ་སྐོར་གྱི་དགེ་མཚན་གཙོ་བོ་ཁག་གཉིས་སུ་བསྡུ་ཆོག་སྟེ། དང་པོ་ནི་སྐད་ཡིག་དང། གཉིས་པ་ནི་མི་མང་པོ་ཞིག་མཐོང་བ་དང། མི་ཞིག་ཡག་ཉེས་མི་འདྲ་བ་མང་པོ་དང་འབྲེལ་འདྲིས་བྱས་པ་བརྒྱུད། ཁོ་ཚོའི་གཤིས་རྒྱུད་དང་ཡུལ་སྲོལ་གོམས་གཤིས། འཚོ་བ་རོལ་སྟངས་མི་འདྲ་བ་སྣ་ཚོགས་དང། ལྷག་པར་དུ་རང་སྡོད་ཡུལ་དང་ཁྱིམ་མཚེས་ཀྱི་མི་རྣམས་ཀྱང་ཧ་ཅང་མི་

འདྲ། དེས་ཁོ་ལ་ཤེས་རབ་དང་དོ་གཟབ་གཉིས་ཀྱི་ཕྱོགས་ནས་ཡར་རྒྱས་ཡོང་བར་ཕན་སྲིད། འོང་ཀྱང་དེང་སང་སྤྱིར་བཏང་གི་ཕྱི་རྒྱལ་ལ་ཡུལ་སྐོར་དུ་འགྲོ་བའི་དུས་ནི་ལོ་༡༦ནས་ལོ་༢༡བར་དུ་རེད། སྐབས་འདི་ནི་མི་ཚེ་གཅིག་ལ་མཚོན་ན་གང་ཅིའི་ཕྱོགས་ཀྱི་ཉམས་མྱོང་ཆེས་བསྡུ་རུབ་མི་ཐུབ་པའི་དུས་ཤིག་རེད། ངས་

བསམ་ན་ཕྱི་རྒྱལ་གྱི་ཡི་གེ་སྦྱོང་བ་དང།  སྒྲ་གདངས་ཡང་དག་པ་སྦྱོང་བའི་ཐོག་མའི་དུས་ཚོད་ནི་ལོ་༧ནས་

ལོ་༡༦བར་དུ་རེད།  དེའིསྐབས་སུ་མཛུབ་ཁྲིད་དགེ་རྒན་ཁོ་ཚོ་དང་ལྷན་དུ་ཡོད་ན་དེ་བས་བཟང།  དེའི་རྒྱུ་

མཚན་ནི་མཛུབ་ཁྲིད་དགེ་རྒན་གྱིས་ཕྱི་རྒྱལ་གྱི་སྐད་ཀྱིས་ཁོ་ཚོ་ལ་ཕྱོགས་གཞན་གྱི་ཤེས་བྱ་བསླབ་ཆོག།  འོན་ཀྱང་ཁོ་ཚོའི་བསམ་པར་རང་ཉིད་ཀྱང་འཚར་ལོངས་བྱུང་བའི་མི་དར་མ་ཞིག་ཡིན་པས་ད་ནི་ཁོ་ཚོའི་བདག་སྐྱོང་དང་ཚོད་འཛིན་མི་དགོས་བསམ་ལ།  ཁོ་ཚོ་ལའང་སོ་སོར་བདག་སྐྱོང་དང་ཚོད་འཛིན་བྱེད་པའི་ཉམས་མྱོང་དང་གདེངཚོད་མེད་པའི་དུས་སུ།  མཛུབ་ཁྲིད་དགེ་རྒན་ཞིག་གི་དབུ་ཁྲིད་འོག་ཕ་མ་དང་ཁ་བྲལ་བ་ནི་སོ་སོར་སྲུང་སྐྱོབ་ཀྱི་ནུས་པ་ཆེས་ཞན་པའི་དུས་སུ་ཁོ་ཚོ་སོ་སོའི་མི་ཚེའི་བགྲོད་ལམ་སྟེང་ཡོད་པའི་ཉེན་ཁ་

ཆེན་པོ་དག་གི་མདུན་དུ་ཕྱིན་པ་མ་ཡིན་ནམ།   ཁོ་ཚོ་ལོ་བཅོ་ལྔ་བཅུ་དྲུག་ལ་མ་སླེབས་གོང་ཨུ་ཚུགས་དེ་འདྲ་བྱེད་མི་སྲིད་ལ་མི་གཞན་གྱི་བསླུ་བྲིད་བྱེད་པ་དང་མིག་དཔེ་སྟོན་ཡང་མཛུབ་ཁྲིད་དགེ་རྒན་དང་འབྲེལ་བ་

ལྷོད་མི་སྲིད།  ཡིན་ཡང་ལོ་བཅོ་ལྔ་བཅུ་དྲུག་གི་རྗེས་སུ་ཁོ་ཚོ་མི་དར་མ་དང་འབྲེལ་འདྲིས་བྱེད་རྒྱུར་དགའ་

ཞིང།  རང་ཉིད་ཀྱང་མི་དར་མ་ཞིག་ཡིན་པའི་བསམ་ཚུལ་ཡོད།   བྱ་བ་ངན་པ་གང་མང་ཞིག་ལ་རིམ་བཞིན་དགའ་བར་འགྱུར་ལ་དེས་ང་རྒྱལ་དང་ཁེངས་དྲེགས་སོགས་བསྐྱེད་དེ། ད་དུང་མཛུབ་ཁྲིད་དགེ་རྒན་གྱི་དབུ་ཁྲིད་དང་བདག་སྐྱོང་ལ་བརྟེན་ནས་སྡོད་པ་ནི་ངོ་ཚའི་གནས་ཞིག་ཏུ་བསམ།  སྐབས་དེར་སླེབས་དུས་མཛུབ་ཁྲིད་དགེ་རྒན་ལ་སློབ་མར་བཙན་སྐུལ་བྱེད་པའི་བསམ་བློ་མེད་ལ།   སློབ་མ་ལའང་དགེ་རྒན་གྱི་སྐུལ་མ་དང་དུ་ལེན་པའི་བསམ་བློ་མེད།  དེ་ལས་ལྡོག་སྟེ།  ཁོ་ཚོར་ཡོད་པ་ནི་དྲག་ཏུ་འཁོལ་བའི་སེམས་ཤུགས་དང་དཔེ་

གསར་མིག་དཔེ་རུ་འཛིན་པ་དེའོ།། ཁོས་རང་དང་འདྲ་བའི་སྤྱང་གྲུང་འཛོམས་པའི་གྲོགས་ཀྱི་རྗེས་སུ་

བསྙེགས་པ་ལས་མཛུབ་ཁྲིད་དགེ་རྒན་གྱི་བསླབ་བྱ་ལ་མི་ཉན། ཁོས་མཛུབ་ཁྲིད་དགེ་རྒན་ལ་རང་ཉིད་ཀྱི་

རང་དབང་བཀག་སྡོམ་བྱེད་མཁན་གྱི་དགྲ་བོའི་ཚུལ་དུ་ལྟ་ལ། ཁོང་གི་་དགེ་རྒན་ནི་སེམས་ཆུང་གཟབ་ནན་གྱི་མི་ཞིག་ཡིན་ཡང་ཐབས་ཤེས་ཅི་ཞིག་ཡོད། མི་ཞིག་འདི་ལྟར་སྤྱོད་པ་རྩང་པོ་དང་། གཞན་སུ་ཞིག་དང་གང་གིས་ཀྱང་བློ་ཁ་བསྒྱུར་མི་ཐུབ་པའི་སྐབས་སུ་ནི་ཁོ་རང་ལོག་ལམ་དུ་ཞུགས་རྒྱུར་ཉེན་ཁ་ཆེན་པོ་ཡོད་

པའི་དུས་ཤིག་རེད།  སྐབས་འདི་ནི་ཁོ་རང་གི་ཕ་མ་དང་སྤུན་གྲོགས་སོགས་ཀྱིས་ལྟ་སྐྱོང་ལེགས་པོ་བྱེད་

དགོས་པའི་དུས་ཚོད་ཆེས་གལ་འགངས་ཆེ་བ་ཤིག་ཀྱང་ཡིན། འདིའི་སྔོན་ལ་མཚོན་ན་གཤིས་རྒྱུད་ཞི་ཞིང་

དུལ་བས་བདག་སྐྱོང་བྱེད་སླ་ཞིང་བདེ་འཇགས་ཀྱང་ཡིན། གནས་སྐབས་འདི་ཡོལ་ཞིང་འཚར་ལོངས་བྱུང་ཚེ། བློ་རིག་རྒྱས་པ་དང་མིག་རྒྱང་ཡང་བསྐྱེད་པས་བདེ་འཇགས་དང་ཡར་ཐོན་ལ་རང་འགུལ་གྱིས་དོ་སྣང་བྱེད། དེ་བས་ངའི་བསམ་ཚུལ་ནི་ན་གཞོན་ཕྱི་རྒྱལ་ལ་ཡུལ་སྐོར་དུ་མངོག་པའི་དུས་བཟང་ཤོས་ནི་ལོ་ན་ཅུང་ཆུང་ལ་མཛུབ་ཁྲིད་དགེ་རྒན་གྱིས་བདག་སྐྱོང་ཐུབ་པ་དང་ཡང་ན་ལོ་ན་ཅུང་ཆེ་ལ་མཛུབ་ཁྲིད་དགེ་རྒན་མི་དགོས་པའི་དུས་རེད། དུས་དེར་ཁོ་ཚོའི་ལོ་ཚོད་ཆེ་རུ་སོང་བ་དང་བསྟུན་རང་ལ་བདག་སྐྱོང་ཐུབ་ལ་ཕྱི་རྒྱལ་དུ་ཡིད་གཟབ་བྱེད་དགོས་པའི་བྱ་དངོས་མང་པོ་ཞིག་ལ་ལྟ་རྟོག་བྱས་པ་ཡང་རྗེས་སུ་རང་རྒྱལ་དུ་ལོག་རྗེས་

རང་ལ་ཕན་སྲིད། དེར་བརྟེན་ཁོ་ཚོ་སྔ་ཙམ་ནས་རང་རྒྱལ་གྱི་བཅའ་ཁྲིམས་དང་གོམས་སྲོལ། སྔར་ཡོད་

ཀུན་སྤྱོད་ཀྱི་ལེགས་ཆ་དང་ཞན་ཆ་ལ་རྒྱུས་མངའ་ཆེ་བའི་དཔྱད་གཞི་དག་ཕྱི་རྒྱལ་གྱི་མི་སྣ་དང་བསམ་བློ་

བརྗེ་རེས་བྱེད་ཆོག་ལ་ཁོ་ཚོ་དང་འགྲོ་འོང་བྱས་ནས་རང་ཉིད་ཀྱི་ཤེས་བྱ་གོང་འཕེལ་དུ་བཏང་ཆོག

༢༡༣(ཆད)

༢༡༤ཕྱི་རྒྱལ་དུ་ཡུལ་སྐོར་དུ་ཕྱིན་པའི་ན་གཞོན་མང་པོ་ཞིག་ཕྱིར་རྒྱལ་ནང་དུ་ལོག་རྗེས་ཡར་བསྐྱེད་ཡོད་མཁན་ཤིན་ཏུ་དཀོན། ངས་བལྟས་ན་དེའི་རྒྱུ་མཚན་ནི་ཡུལ་སྐོར་གྱི་བཀོད་སྒྲིག་གོང་དུ་བཤད་པ་ནང་བཞིན་མ་བྱས་པའི་རྐྱེན་གྱིས་

རེད། ཁོ་ཚོས་ཡུལ་སྐོར་དུ་ཕྱིན་པའི་ས་ཆ་དེ་ཡི་ཡུལ་སྲོལ་ཆ་ལུགས་ཀྱི་ཤེས་བྱ་ཉུང་ངུ་རེ་ཁྱེར་ཡོང་ནའང་དེ་དག་ནི་ཁོ་ཚོས་ཕྱི་རྒྱལ་དུ་ཡིད་སྨོན་འཆོར་བའི་ཆེས་ཐ་ཤལ་དང་དོན་སྙིང་མེད་པའི་བྱ་བ་རེད། ཁོ་ཚོ་དགའ་ས་དང་ཁོ་ཚོའི་ཡིད་ལ་བཟུང་ཡོད་པ་ནི་དང་ཐོག་རང་དབང་ཐོབ་པའི་རྗེས་ཀྱི་བྱ་དངོས་གཅིག་པུ་ལས་ཁོ་ཚོ་རང་རྒྱལ་དུ་ལོག་རྗེས་གང་ཅིའི་ཕྱོགས་ལ་སྔར་ལས་ལེགས་ཤིང་སྔར་ལས་བློ་རིག་ཇེ་གསལ་དུ་གཏོང་རྒྱུ་དེ་མ་རེད། འདི་འདྲའི་ན་གཞོན་ཕྱི་རྒྱལ་དུ་ཡུལ་སྐོར་ལ་ཕྱིན་ཚེ་མ་གཞི་ནས་མི་གཞན་གྱིས་ལྟ་སྐྱོང་དགོས་ལ། ལྟ་སྐྱོང་

མཁན་གྱིས་ཁོ་ཚོར་མཁོ་བའི་བྱ་དངོས་ཡོད་ཚད་གྲ་སྒྲིག་བྱེད་ཅིང་ཁོ་ཚོའི་ཚབ་ཏུ་ལྟ་ཞིབ་བྱེད་པ་ལས་གཞན་ཅི་ཞིག་ཡོད། ཁོ་ཚོའི་བསམ་པར་དགེ་རྒན་གྱི་སྲུང་སྐྱོང་ཡོད་པས་ཡོད་ཚད་ལ་རང་གིས་འགན་འཁུར་མི་དགོས་

ཤིང་། ཐ་ན་རང་གི་བྱ་སྤྱོད་ལའང་རང་གིས་འགན་འཁུར་མི་དགོས་པརབསམ།  ཁོ་ཚོས་བྱ་བ་ཡོད་ཚད་ལ་རང་འགུལ་གྱིས་དཀའ་བ་སྤྱད་དེ་འཚོལ་ཞིབ་དང་ལྟ་ཞིབ་བྱེད་པ་ཤིན་ཏུ་ཉུང་། ཁོ་ཚོའི་བསམ་བློ་དང་རེ་སྙེག་བྱེད་བཞིན་པ་ནི་རྩེད་མོ་དང་སྐྱིད་སྣང་རེད། དེ་ནི་ཁོ་ཚོར་རང་དབང་ཐོབ་པའི་མཚོན་རྟགས་ཁོ་ནར་སེམས།ཁོ་ཚོས་དཀའ་ཚེགས་ལ་མ་འཛེམ་པར་རང་ཉིད་འཕྲད་པའི་མི་དེ་དག་གི་གཡོ་སྒྱུ་ལ་ལྟ་ཞིབ་དང་།  ཁོ་ཚོའི་ཐབས་ཤེས་དང་གཤིས་རྒྱུད་དགའ་ཕྱོགས་བཅས་ལ་ཞིབ་དཔྱོད་ཀྱིས་རྒོལ་ལན་ཇི་ལྟར་སྤྲོད་དགོས་པར་དཔྱོད་

མཁན་ཤིན་ཏུ་མང་། གནས་སྐབས་འདིར་དགེ་རྒན་གྱིས་ཁོ་ཚོ་ལ་སྲུང་སྐྱོང་གི་ནུས་པ་ཐོན་དགོས་ལ།  ཁོ་ཚོ་འདམ་ཉོག་དང་ཚེར་ཕུང་དུ་ལྷུང་བའི་དུས་སུ་ཁོ་ཚོ་རང་འགུལ་གྱིས་དེ་ལས་ཐར་ཐུབ་པར་རམ་འདེགས་བྱེད་

པ་དང་།  ཁོ་ཚོར་རང་ཉིད་ཀྱི་བྱ་སྤྱོད་མི་ལེགས་པར་འགན་འཁུར་དགོས་པའི་ངེས་ཤེས་བསྐྱེད་དུ་འཇུག་

དགོས།

༢༡༥ མི་ཞིག་རྒྱུས་ལོན་བྱེད་པ་ནི་ཐབས་ཤེས་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་ངས་ཁས་ལེན། ང་ཚོས་ན་གཞོན་

ཚོར་མྱུར་དུ་འདི་འདྲའི་ཐབས་ཤེས་རྣལ་མ་ཞིག་ཡོད་རྒྱུའི་རེ་བ་མི་འཛིན། འོན་ཏེ་ཡུལ་སྐོར་དུ་ཕྱིན་རྗེས་ཁོ་

ཚོས་ད་དུང་མིག་རྒྱང་རིང་དུ་གཏོང་མི་ཐུབ་ལ། སེམས་ཆུང་ཡིད་གཟབ་ཀྱིས་བྱ་དངོས་ཀྱི་ཕྱི་ཚུལ་ལ་ལྟ་ཞིབ་

བྱས་ཏེ་ནང་གི་དོན་རྟོགས་རྒྱུའི་གོམས་གཤིས་ཆགས་མེད་པས། མཛའ་བརྩེ་དང་བརྩི་བཀུར་ཡོད་པའི་སྒོ་ནས་རང་ཉིད་སྲུང་སྐྱོབ་མི་ཐུབ་པ། མི་ཆ་མེད་རྒྱུས་མེད་མང་པོར་འབྲེལ་འདྲིས་བྱེད་དུས་བློ་བདེ་བག་ཕེབས་ཡོང་མི་ཐུབ་པ་ཡིན་ན་ཁོ་ཚོ་ཕྱིའི་་རྒྱལ་ཁབ་ལ་ཡུལ་སྐོར་དུ་སོང་བར་དགོས་པ་ཆེན་པོ་ཞིག་མི་འདུག སྐྱེས་བུ་དར་མའི་ལོ་ཚོད་ལ་སླེབས་པ་དང་དར་མའི་བསམ་བློ་ཡོད་ལ་རང་ཉིད་ཡར་བསྐྱེད་ཡོང་རྒྱུའི་རེ་བའང་ཡོད་པའི་མི་ཞིག་ཕྱི་རྒྱལ་དུ་ཡུལ་སྐོར་དུ་ཕྱིན་ན་ཁོ་གང་དུ་སོང་རུང་ས་ཆ་དེ་གའི་མི་སྣ་མཐོ་གྲས་སམ་ཕུལ་བྱུང་རྣམས་དང་འབྲེལ་བ་བྱས་ཏེ་རྒྱུས་ལོན་བྱེད་ངེས། འདི་ནི་ན་གཞོན་ཞིག་ལ་མཚོན་ན་ཡུལ་སྐོར་ལས་ཐོན་པའི་ཕན་འབྲས་ཆེ་ཤོས་དེ་ཡིན་མོད། འོན་ཀྱང་ངས་འདྲི་རྒྱུ་ཞིག་ལ་མཛུབ་ཁྲིད་དགེ་རྒན་གྱིས་འགོ་ཁྲིད་དེ་ཡུལ་སྐོར་ལ་འགྲོ་

བའི་ན་གཞོན་བརྒྱའི་ནང་དུ་མི་སྣ་འདིའི་གྲས་ལ་བཅར་འདྲི་བྱེད་མྱོང་མཁན་ག་ཚོད་ཡོད་དམ།  མི་དེ་དག་ལ་རྒྱུས་ལོན་བྱེད་པ་དང་ཁོ་ཚོའི་གླེང་མོལ་ལས་རྒྱལ་ཁབ་དེ་ཡི་གུས་ལུགས་བཟང་པོ་ལ་སློབ་སྦྱོང་བྱས་ཏེ་རང་

ཉིད་ཀྱིས་བརྩི་སྲུང་བྱེད་རྒྱུ་ཡོད་མེད་ལ་བསམ་བློ་གཏོང་རྒྱུ་ནི་དེ་བས་ཀྱང་བརྗོད་མ་དགོས་པ་རེད།  མགྲོན་ཁང་གཅིག་ནས་གཅིག་བརྒྱུད་ཤེས་མེད་གཡེང་བཞིན་དུ་ལོ་གཅིག་སྡོད་པ་ལས་མི་འདི་འདྲའི་དྲུང་དུ་ཉིན་

གཅིག་ལ་བསླབ་པའི་ཤེས་བྱ་མང་ལ།  ས་ཕྱོགས་གཞན་ནས་ཡོང་བའི་ན་གཞོན་གང་ཞིག་ས་དེ་གའི་ཡུལ་

སྲོལ་གོམས་གཤིས་དང་། གུས་ལུགས། བཅའ་ཁྲིམས། ཆབ་སྲིད་བཅས་ལ་རྒྱུས་ལོན་བྱེད་འདོད་མཁན་ཞིག་

ཡིན་ན་ཆེས་ཕུལ་བྱུང་དང་ཤེས་ཡོན་ཅན་གྱི་མི་ཡིས་དགའ་བསུ་དང་། རོགས་སྐྱོར། སྐུལ་ལྕག་བཅས་གནང་

ངེས་པ་དང་།  ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བའི་མིས་ད་དུང་མུ་མཐུད་དུ་མཛུབ་ཁྲིད་དགེ་རྒན་གྱི་ལྟ་སྐྱོང་དགོས་པའི་ན་གཞོན་ལ་ལས་སླ་པོར་འབྲེལ་བ་བྱེད་མི་སྲིད།

༢༡༦ གནས་ལུགས་འདི་བདེན་ཞིང་འཁྲུལ་མེད་ཅིག་ཡིན་ཡང་། ཁོ་ཚོའི་མི་ཚེའི་ནང་གི་ཆེས་འོས་འཚམ་མ་ཡིན་པའི་དུས་སུ་ཡུལ་སྐོར་དུ་འགྲོ་བ་སྔར་ནས་གོམས་གཤིས་སུ་གྱུར་ཡོད་པས།གོམས་གཤིས་བཅོས་སྒྱུར་བྱེད་

རྒྱུའང་དཀའ་བའི་གནས་ཤིག་ཏུ་གྱུར་ཡོད། བྱིས་པ་ལོ་ན་༨ནས་༡༠བར་དུ་ཉེན་ཁ་བརྒྱུད་དེ་ཡུལ་སྐོར་ལ་འགྲོ་མི་ཉན་པའི་རྒྱུ་མཚན་ནི་ཉམས་ཆུང་བྱིས་པ་དེ་ཚོར་ཆག་སྒོ་འབྱུང་ཡོང་བསམ་པས་ཡིན། མ་གཞི་འདིའི་

སྐབས་སུ་ལོ་༡༦གམ་༡༨སྟེང་ཡུལ་སྐོར་ལ་འགྲོ་བའི་ཆག་སྒོ་ལས་ལྡབ་བཅུ་ལས་ཉུང་བ་ཡོད། ཡིན་ཡང་ཁོ་ཚོ་

རང་རྒྱལ་དུ་ཨུ་ཚུགས་ཚ་པོ་དང་ཆག་སྒོ་འབྱུང་བའི་ལོ་ཚོད་དེ་དག་བརྒལ་རག་བར་སྡོད་ལོང་མེད། རྒྱུ་མཚན་ནི་ཁོ་ཚོ་ལོ་༢༡གོང་ཡིན་གཅིག་མིན་གཉིས་རྒྱལ་ནང་དུ་ལོག་སྟེ་ཁྱིམ་གཞི་བསྐྲུན་རྒྱུའི་གྲ་སྒྲིག་བྱེད་དགོས་པས་

ཡིན། ཨ་ཕ་རྒྱུ་ནོར་བགོ་བྱ་རྒྱག་རྒྱུར་བྲེལ་བ་དང་། ཨ་མ་ཚ་བོ་དང་ཚ་མོར་ལྟ་སྐྱོང་བྱེད་རྒྱུར་བྲེལ། དེའི་

རྐྱེན་གྱིས་ཁོ་ཚོ་ཅིས་ཀྱང་ལོ་ཚོད་འདིར་སླེབས་ཙ་ན་ཆུང་མ་ལེན་དགོས་པ་རེད། དེ་དག་ཁོ་ཚོའི་བདེ་ཐང་དང་ཤེས་བྱ་འཇོན་ཐང་། གདུང་རྒྱུད་ལ་བསམ་བློ་བཏང་བ་བདེན་ཡང་། གལ་ཏེ་དེ་དག་ཅུང་ཟད་རྗེས་སུ་བསྐྱུར་ཏེ་མི་ཤེས་ཡོན་ཅན་ཞིག་ཡོང་བར་འབད་ན་རྗེས་ཕྱོགས་སོ་སོའི་བུ་ཕྲུག་ལའང་ཕན་པར་བསམ།

༢༡༧ མཇུག་བསྡོམས།

ངས་སློབ་གསོ་ལ་བཅངས་པའི་བསམ་འཆར་རེ་ཞིག་མཇུག་བསྡུས་མོད། འོན་ཀྱང་ཁྱེད་ཚོས་ངས་

བྲིས་པའི་གནད་དོན་འདི་རང་ཉིད་ཀྱི་དགོས་མཁོའམ་དཔྱད་རྩོམ་ཞིག་གི་ཆེད་དུ་རེད་མ་བསམ་རོགས། སློབ་གསོའི་སྟེང་དུ་ད་དུང་བསམ་བློ་གཏོང་དགོས་པའི་བྱ་བ་བརྗོད་ཀྱིས་མི་ལང་། དེའི་ནང་ནས་ཀྱང་ཁྱེད་ཚོས་

བྱིས་པ་སོ་སོའི་མི་འདྲ་བའི་གཤིས་ཀ་དང་། དགའ་ཕྱོགས། ནོར་འཁྲུལ་བཅས་མཐོང་ཞིང་དེར་འོས་འཚམ་གྱི་སྨན་བཅོས་བྱེད་བསམ་དུས་དེ་འདྲ་རེད། བྱ་བ་ཤིན་ཏུ་མང་བས་དཔེ་ཆ་ཞིག་བརྩམས་ན་ད་གཟོད་བྲིས་ཚར་

བར་བསམ་ལ་དོན་དངོས་ཐོག་དཔེ་ཆ་ཞིག་བརྩམས་ཀྱང་དགོས་མཁོ་སྐོང་ག་ལ་ཐུབ།། མི་སོ་སོའི་སེམས་

ཁམས་ནི་ཁོ་ཚོའི་གདོང་དང་འདྲ་བར་མི་གཞན་དང་མི་འདྲ་བའི་ཁྱད་ཆོས་རེ་ཡོད་ལ།  བྱིས་པ་གཉིས་ལ་

མཚོན་ནའང་ཐབས་ཤེས་གཅིག་པ་གཅིག་རྐྱང་གིས་སློབ་སྟོན་རུང་བ་ཤིན་ཏུ་ཉུང་། དེ་བས་ངའི་བསམ་པར་

རྒྱལ་བུ་ཞིག་དང་།  སྐུ་དྲག་ཅིག  སྤྱིར་བཏང་གི་ན་གཞོན་ཞིག་གི་སློབ་སྐྱོང་ཐབས་ལའང་ཁྱད་པར་ཡོད་ངེས་

པར་བསམ།  འོན་ཀྱང།  ངས་འདིར་གླེང་བ་ནི་སློབ་གསོའི་དམིགས་ཡུལ་དང། ན་གཞོན་དཀྱུས་མའི་སློབ་གསོའི་སྤྱིར་བཏང་གི་ལྟ་ཚུལ་ཡིན།  བྱིས་པ་ཞིག་ལ་མཚོན་ན་ངས་ཁོ་རང་ཤོག་བུ་དཀར་པོ་ཞིག་གམ་ཡང་ན་ཡང་ལྰ་

ཞིག་གི་ཚུལ་བྱས་ནས་རང་འདོད་གང་དྲན་གྱིས་རྣམ་པ་གང་འདྲ་ཞིག་བཟོས་ཆོག།  ངས་འདིར་བཀོད་པ་ཕལ་ཆེ་བ་ན་གཞོན་དཀྱུས་མའི་སློབ་སྦྱོང་ལ་ངེས་པར་དུ་མཁོ་བའི་ཚན་པ་ཤ་སྟག་ཡིན།  ངས་ཐོལ་བྱུང་གི་བསམ་

ཚུལ་དག་འདི་ལྟར་བྲིས་ཤིང་པར་བརྒྱབ་ན།  འདི་ཆ་ཚང་བའི་སློབ་གསོ་ཡི་དཔྱད་རྩོམ་ཞིག་གཏན་ནས་མིན་ལ་འདི་ལས་ཁྱིམ་བདག་རེ་རེར་མཁོ་བའི་བུ་ཕྲུག་ལ་འོས་ཤིང་འཚམ་པའི་སློབ་གསོ་རྒྱག་ཐབས་ཀྱང་རྙེད་མི་སྲིད་

མོད།  གལ་ཏེ་རང་ཉིད་ཀྱི་བུ་ཕྲུག་ལ་གཅེས་སྐྱོང་བྱེད་པ་དང།  བུ་ཕྲུག་གི་སློབ་གསོའི་ཆེད་དུ་བློ་སྤོབས་ཆེན་པོ་དང།  རང་ཚོད་ཟིན་པའི་བསམ་འཆར་འདོན་ནུས་ལ། རྒྱུ་མཚན་མེད་པར་སྲོལ་རྒྱུན་གྱི་གོམས་སྲོལ་རྗེས་སུ་མི་འདེད་མཁན་ཞིག་ཡིན་ན།  ངའི་རྩོམ་འདི་ཡིས་ཁོ་ཚོ་ལ་བློ་སྒོ་འབྱེད་པའི་ནུས་པ་ཐོན་རྒྱུ་ནི་ངའི་རེ་བ་ཡིན།

评论
发布

2015年