关于艺术的翻译作品

发布者:德吉     所属单位:那曲地区比如县中学     发布时间:2016-09-14    浏览数:0

 

ཞབས་བྲོ་འཁྲབ་པ།

     ཞབས་བྲོ་འཁྲབ་ན་མི་ཞིག་ལ་ལྡེམ་མྱུར་ལྡན་པའི་བྱ་སྤྱོད་ཅིག་ལྡན་པར་བྱེད་ནུས་

པ་མ་ཟད།  དེས་བྱིས་པ་ལ་སྐྱེས་པའི་དཔའ་ཉམས་ཤིག་དང་རང་ལ་ཡིད་ཆེས་ཀྱི་ནུས་པ་འོས་འཚམ་ཞིག་ལྡན་

པར་བྱེད་ནུས།  ངས་བསམ་ན་ཁོ་ཚོ་ལོ་ན་དང་ཤེད་ཤུགས་འདང་ཡོད་པའི་སྐབས་སུ་ཞབས་བྲོ་སྦྱངས་ན་འོས་པ་ཡིན་སྟབས།  སྦྱོང་བ་སྔ་དྲག་པར་ཞེད་དགོས་མེད།  འོན་ཀྱང་།  ཁྱོད་ཀྱིས་དགེ་རྒན་བཟང་པོ་ཞིག་འཚོལ་རྒྱུ་

ཤིན་ཏུ་གལ་ཆེ་སྟེ།  དགེ་རྒན་བཟང་པོ་ཞིག་བྱུང་ན་ཇི་འདྲ་ཞིག་ལ་ལྡེམ་མྱུར་ལྡན་པ་དང་འོས་ཤིང་འཚམ་པ་ རྟོགས་ལ། ཇི་ལྟར་གཟུགས་པོའི་འགུལ་སྟངས་ཐམས་ཅད་ལས་རང་མོས་དང་བློ་བདེ་བག་ཕེབས་མངོན་པར་ མཚོན་པ་མ་ཟད།  གཞན་གྱིས་བསྒྲུབ་ཐུབ་པའི་ཚད་ལ་སླེབས་པར་ཡང་དག་པའི་སྣེ་ཁྲིད་བྱེད་ནུས།   འདི་དག་གཞན་ལ་སློབ་མི་ཐུབ་པའི་མི་ཚང་མ་ལས་རྩ་བ་ནས་མེད་པ་དེ་བཟང་།  དཔེར་ན།  ལྷན་སྐྱེས་ཀྱི་སྟངས་ སྟབས་ཉམས་འགྱུར་མེད་པའི་རྣམ་འགྱུར་ནི་བཅོས་མའི་ཉམས་འགྱུར་ལས་ལྷག་ཏུ་བཟང་། ངའི་བསམ་པར་མི་ཞིག་གིས་ཞྭ་མོ་ཕུད་ཅིང་ཕྱི་ནུར་བྱས་ཏེ་གུས་ཞབས་བྱེད་པའི་རྣམ་འགྱུར་དང་ལུས་ཀྱི་

སྟངས་སྟབས་ཉམས་འགྱུར་མེད་པའི་དགེ་རྒན་ཞིག་གི་རྗེས་དེད་དེ་ལད་མོས་འཁྲབ་པ་ལས་གྲོང་གསེབ་མི་དྲག་རྣམ་དག་ཅིག་གི་ལད་ཟློས་བྱེད་པ་བཟང་སྟེ།  རྒྱུ་མཚན་ནི།  ངའི་བསམ་བློར་འཁྲབ་སྟངས་ཐད་ནས་འབྲེལ་བ་

དེ་འདྲ་མེད་ལ་ཐ་ན་འབྲེལ་བ་ཅི་ཡང་མེད་པར་བསམ་ཞིང་།    ངས་གཙིགས་སུ་འཛིན་པ་ནི་འཁྲབ་སྟངས་ལས་འབྱུང་བའི་ཉམས་ལྡན་གྱི་རྣམ་འགྱུར་དེ་ཁོ་ན་ཡིན།

རོལ་དབྱངས།  རོལ་དབྱངས་དང་ཞབས་བྲོ་འཁྲབ་པ་ལ་འབྲེལ་བ་དམ་ཟབ་ཡོད་དེ།  རོལ་མོའི་

ཡོ་བྱད་ཡག་པོ་རྩེད་ཤེས་པའི་མི་ཞིག་ལ་མི་ཚང་མས་བརྩི་མཐོང་ཆེན་པོ་བྱེད།  འོན་ཀྱང་ན་གཞོན་རྣམས་

ཀྱིས་རོལ་དབྱངས་ཀྱི་ཐད་ནས་ནུས་རྩལ་ཅུང་ཙམ་འབྱོར་དུས།  ཁོ་ཚོས་རྟག་པར་ཁྱད་མཚར་ཆེ་བའི་གྲོགས་པོ་མང་པོའི་དཀྱིལ་དུ་དུས་ཚོད་མང་པོ་ཞིག་འཕྲོ་བརླག་བཏང་ཡོད་ལ།  མི་མང་པོ་ཞིག་གིས་འདི་འདྲའི་གྲོགས་པོ་ལ་འགྲོགས་མི་རུང་བར་བསམ་ཡོད།  ངས་ནི་ཡོན་ཏན་ཅན་དང་ཤེས་ལྡན་པ་མང་པོའི་དཀྱིལ་དུ་རོལ་དབྱངས་ལ་མཁས་པས་གཞན་གྱིས་བསྟོད་བསྔགས་དང་བཀུར་བསྟི་འཐོབ་སོང་ཞེས་ཐོས་པ་ཉུང་དྲག་པས།  ངས་བསམ་ན་གྲུབ་འབྲས་ཡོད་ཚད་ཀྱི་ནང་ནས་རོལ་དབྱངས་ནི་ཀུན་གྱི་ཐ་མ་ཡིན།  མི་ཚེ་ནི་ཧ་ཅང་གི་དུས་ཐུང་ཞིག་

ཡིན་པས་ན་ང་ཚོས་གནས་ཚུལ་ཡོད་ཚད་ཤེས་ཐུབ་དཀའ་ལ།  ང་ཚོའི་སེམས་ཁམས་དེའང་དུས་ནམ་ཡང་

གཞལ་བྱའི་བྱ་དངོས་ཤིག་གི་སྟེང་དུ་གནས་མི་ཐུབ་ཅིང་།  ང་ཚོའི་ཉམ་ཐག་པའི་ལུས་པོ་དང་བསམ་བློ་ལའང་རྟག་ཏུ་བདེ་ཐང་དང་བག་ཡངས་ཐོབ་དགོས།  འཚོ་བའི་དུས་མཚམས་གང་ཡིན་ཀྱང་ལེགས་པར་སྤྱོད་མཁས་ པའི་མི་ཞིག་ཡིན་ན།  ཁོང་གིས་དུས་ཚོད་མང་ཆེ་བ་དེ་རོལ་རྩེད་ཀྱི་སྟེང་ནས་འདའ་བར་བྱེད།  ཁྱོད་ཀྱིས་ཁོང་

ཚོ་བྲེལ་མྱུར་གྱིས་རྒ་བ་དང་སྔ་ས་ནས་ཤི་བའམ་ཡང་ན་སྔ་ས་ནས་ཡང་བསྐྱར་སྐྱེ་བ་ལེན་པར་བྱེད་ན་མ་

གཏོགས།  མ་མཐར་ཡང་།  ན་གཞོན་རྣམས་ལ་རོལ་རྩེད་མེད་ན་མི་རུང་བས  ངའི་བསམ་པར།  ཁོང་ ཚོས་དུས་ཚོད་དང་དཀའ་སྡུག་སྤྱད་དེ་སྦྱངས་པའི་ཚུལ་ལྡན་གྱི་བྱ་བ་ནི་ཆེས་བེད་སྤྱོད་ཆེ་

ལ།  ཆེས་ཕན་འབྲས་ལྡན་པའི་བྱ་དངོས་དག་ཡིན་ངེས་པ་མ་ཟད།  འཐོབ་ཏུ་རུང་བའི་ཆེས་ལས་སླ་ཞིང་ཆེས་སྟབས་བདེ་བའི་ཐབས་ཤེས་ཀྱིས་སྦྱངས་པ་ཡིན་ངེས།  ངས་དེ་སྔོན་འདི་

ལྟར་བཤད་མྱོང་ཡོད་དེ།  ལུས་ཁམས་དང་བསམ་བློའི་སྦྱོང་བརྡར་གཉིས་ཕན་ཚུན་རོལ་

རྩེད་ཅིག་ཏུ་གྱུར་ན་དེ་ནི་སློབ་གསོའི་སྟེང་གི་ཆེས་རླབས་ཆེ་བའི་མན་ངག་ཅིག་ཡིན་

སྲིད་ན་ཆོག  ང་རང་ཡིད་ཆེས་ཡོད་པ་ཞིག་ལ།   སློབ་ཕྲུག་གི་གཤིས་རྒྱུད་དང་བློ་ཁོག་གཏད་ཕྱོགས་ལ་རྟོག་ཞིབ་ཞིབ་ཚགས་བྱེད་ནུས་པའི་གཟབ་ནན་བག་ཡོད་ཀྱི་མི་སྣ་གཅིག་ཡོད་པས་ཀྱང་འདི་ཉིད་ཚེགས་མེད་དུ་

འགྲུབ་ངེས།  རྒྱུ་མཚན་ནི་མི་ཞིག་གིས་དཔེ་དེབ་བལྟས་ནས་ངལ་བ་དང་ཡང་ན་ཞབས་བྲོ་འཁྲབ་སྟེ་ཐང་ཆད་ སྐབས་ཁོང་ཉིད་འཕྲལ་དུ་གཉིད་ཉལ་དགོས་པའི་ངེས་པ་མེད་དེ།  ཁོང་ལ་མཁོ་བ་ནི་སྐྱོ་སངས་ཐུབ་པ་དང་

སྐྱིད་སྣང་སྟེར་ནུས་པའི་བྱ་བ་གཞན་ཞིག་བསྒྲུབ་དགོས་པ་དེ་རེད།  འོན་ཀྱང་།  བསྒྲུབ་པའི་བརྒྱུད་རིམ་ཁྲོད་དུ་དགའ་བ་བསྐྱེད་མི་ཐུབ་པའི་བྱ་བ་ཀུན་ལ་རོལ་རྩེད་ཅེས་མི་བརྗོད་པ་དེ་དུས་ནམ་ཡང་སེམས་ལ་ངེས་དགོས།

 གྲི་རྩལ་དང་རྟ་རྩལ་ནི་སློབ་སྐྱོང་གི་ཚན་ཁག་གཙོ་བོ་ཞིག་ཏུ་མཐོང་སྟེ།  དེ་དག་གླེང་མ་ཕོད་པ་ ཡིན་ན་དེ་ནི་ཆད་ལུས་ཚབས་ཆེན་ཞིག་ཏུ་བརྩི།  རྟ་རྩལ་མང་ཆེ་བ་ནི་གྲོང་ཁྱེར་ཆེན་པོའི་ནང་དུ་ད་གཟོད་    སྦྱངས་ཐུབ་ལ།  དེ་ནི་བག་ཡངས་རྒྱས་སྤྲོས་ཀྱི་གྲོང་ཁྱེར་ཆེན་པོའི་ནང་དུ་བདེ་ཐང་ལ་ཆེས་ཕན་ཐོགས་་ཡོད་

པའི་བྱ་འགུལ་ཞིག  དེའི་རྐྱེན་གྱིས།  ན་གཞོན་མི་དྲག་ཅིག་གྲོང་ཁྱེར་ཆེན་པོའི་ནང་སྡོད་སྐབས།  རྟ་རྩལ་ནི་ཁོང་ལ་འཚམ་པའི་བྱ་བ་ཞིག་ཡིན་པའི་མ་ཚད།  རྟ་རྩལ་གྱིས་མི་ཞིག་ལ་རྟ་ཐོག་གི་བློ་བརྟན་བབ་བརླིང་དང་ལྡེམ་  མྱུར་གྱི་གོམས་གཤིས་ཆགས་པར་འཇུག་ལ།  ཁོང་གིས་རྟ་ལ་ཁ་འགོག་པ་དང་ཁ་གཅུ་བ་སོགས་བསླབ་ནུས་ཤིང་།རྟ་ལ་ཁ་བུབ་སློག་རྒྱུ་ཡང་བསླབ་ནུས་པ་ཡིན།  དེ་ནི་མི་དྲག་ཅིག་གི་དུས་རྒྱུན་དང་དམག་འཁྲུག་རྒྱག་དུས་ཚང་མར་ཕན་པ་ཡོད།  འོན་ཀྱང་།  རྟ་རྩལ་ནི་ཡང་སྙིང་དོན་དག་འགངས་ཆེན་ཞིག་ཡིན་མིན་ཐད།  དེ་ཉིད་བྱ་བ་ ཞིག་གི་དབང་དུ་བྱེད་འོས་པ་དང་། མི་དྲག་ཁོང་གིས་བདེ་ཐང་ལ་གོང་འཕེལ་ཡོང་བའི་ཆེད་དུ་འོས་འཚམ་གྱི་དུས་ཚོད་སྤྱད་དེ་འདི་འདྲའི་ཛ་དྲག་གི་བྱ་འགུལ་རྩོམ་པ།   གཞན་ད་དུང་དུས་ཚོད་མང་པོ་ཞིག་དེའི་ཆེད་དུ་ གཏོང་པར་འདུག་པས།   ཕ་མ་དང་མཛུབ་སྟོན་དགེ་རྒན་གྱིས་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་འོས་   བསམ  སློབ་གསོའི་ཕྱོགས་ཀུན་ཐད་ཀྱི་དུས་ཚོད་དང་བརྩོན་པ་ཕལ་ཆེ་བ་དེ་ཕྱིས་འབྱུང་ན་ གཞོན་རྣམས་ཀྱི་འཚོ་བའི་ཁྲོད་དུ་ཕན་འབྲས་ཆེས་ཆེ་བ་དང་རྒྱུན་སྤྱོད་ཆེས་ཆེ་བའི་སྟེང་དུ་སྤྱོད་པར་རིགས།

གྲི་རྩལ།  གྲི་རྩལ་ནི་ངས་བསམ་ན་བདེ་ཐང་གི་ཐོག་ནས་ལུས་རྩལབཟང་པོ་ཞིག་ཡིན་

མོད།  ཚེ་སྲོག་གི་ཐད་ནས་ཉེན་ཁ་ཆེན་པོ་ཡོད་པ་ཞིག་རེད།  རང་ཉིད་གྲི་རྩལ་ལ་མཁས་པར་བསམ་པ་དང་

རང་རློམ་ཡོད་པའི་མི་ཚང་མ་གཞན་དང་རྩོད་པ་བྱེད་པར་དགའ་པོ་ཡོད།  བསམ་ཚུལ་དེས་ནམ་ཞིག་ན་ཁོ་ཚོ་མཚན་སྙན་གྲགས་དང་འབྲེལ་བའི་བྱ་བར་འཕྲད་པའམ།  གཞན་གྱིས་ཕོག་ཐུག་ཏོག་ཙམ་བཏང་བ།  ཐ་ན་ཁོ་ ཚོར་འགལ་བ་ཅི་ཡང་མ་བཟོས་པའི་སྐབས་ཡིན་ཀྱང་རྒྱུན་པར་དགོས་ངེས་ཀྱི་ཚད་ལས་བརྒལ་བའི་རླུང་ལངས་པར་འཇུག་ངེས།  ན་གཞོན་རྣམས་ནི་སེམས་ཤུགས་རྦ་རླབས་བཞིན་འཕྱུར་བའི་དུས་ཡིན་པས།   ཁོང་ཚོས་

སེམས་ལ་གལ་ཏེ་ཤི་གསོན་ཐག་གཅོད་ཀྱི་འཛིང་མོ་བྱས་ཏེ་རང་ཉིད་ཀྱི་མཐུ་ནུས་དང་དཔའ་ངར་དེ་ངོམ་མ་

ཐུབ་ན་གྲི་རྩལ་སྦྱངས་པ་ཆུད་ཟས་རེད་བསམ།  ཁོ་ཚོ་ལའང་དེ་འབྲེལ་གྱི་གནས་ལུགས་ཡོད་པ་འདྲ་མོད། 

གནས་ལུགས་འདི་ལྟ་བུས་ཡིད་སྐྱོ་བའི་སྐྱོ་གར་ཅི་ཙམ་སྤེལ་བ་ཤེས་དཀའ་སྟེ།   མ་ཡུམ་མང་པོ་ཞིག་གི་མིག་ཆུས་ད་གཟོད་འདི་ལ་བདེན་དབང་བྱེད་ཐུབ།  གྲི་རྩལ་མི་ཤེས་པའི་མི་ཞིག་ཡིན་ན་དེས་གཟབ་ནན་གྱིས་མི་ངན་

གདུག་རྩུབ་ཅན་དང་རྒྱན་པོ་རྣམས་ལ་འགྲོགས་པར་སྔོན་འགོག་བྱེད་ཅིང་།  རྒྱུན་པར་རྩོད་པ་སློང་མཁན་གྱི་

གནས་བབ་ལྟར་གནད་དོན་ཞིབ་ཕྲ་བར་མཁྲེགས་འཛིན་དང་།  མི་གཞན་ལ་ཕོག་ཐུག་གཏོང་བ།  ཕོག་ཐུག་

བཏང་རྗེས་ཡང་གཏུམ་དྲག་དང་ཁོང་ཁྲོས་རང་ཁོངས་རང་སྐྱེལ་བྱེད་མི་སྲིད། མི་ཞིག་ཤི་གསོན་ཐག་གཅོད་ཀྱི་འཛིང་མོའི་འཐབ་རར་སླེབས་ཚེ་ཁོང་ལ་གྲི་རྩལ་ཅུང་ཟད་ཤེས་དགོས་པར་འཇུག་པ་ཙམ་མ་ཟད།  ཁོར་དགྲ་ བོའི་རལ་གྲིའི་རྣོ་དབལ་ཡང་མྱོང་བར་འཇུག  སྙིང་སྟོབས་ལྡན་ལ་གྲི་རྩལ་གཏན་ནས་མི་ཤེས་པའི་མི་ཞིག་ཡིན་ན།   ཁོས་ཕ་རོལ་པོ་གཡོལ་ཐབས་མི་བྱེད་པར་གང་ནུས་ཀྱིས་དམར་འཛིང་བརྒྱུད་ངེས་ལ།  ཁོང་སྤྱིར་བཏང་གི་གྲི་རྩལ་པ་ཞིག་དང་བསྡུར་ན་ཁེ་བཟང་རག་སྲིད་ཅིང་།   གལ་སྲིད་ཁོང་གིས་ཟུག་སློང་བྱེད་ཤེས་ན་དེ་བས་

བཤད་མ་དགོས་པ་རེད།  དེའི་རྐྱེན་གྱིས།   གལ་ཏེ་འདི་འདྲའི་བློ་ཡུལ་ལས་འདས་པའི་དོན་རྐྱེན་ལ་སྔོན་འགོག་དང་།  རང་གི་བུ་ལ་གྲ་སྒྲིག་ཡོད་པ་དང་ཤི་གསོན་ཐག་གཅོད་ཀྱི་འཛིང་མོ་ནུས་པར་འཇུག་ཆེད།   ངས་རང་གི་བུ་དེ་གྲི་རྩལ་པ་ཕལ་པ་ཞིག་ཏུ་འགྱུར་བར་རེ་བ་བྱེད་པ་ལས་ཟུག་སློང་པ་བཟང་པོ་ཞིག་ཏུ་འགྱུར་བར་རེ་ན་

དགའ།  མི་དྲག་ཅིག་ཡིན་ནའང་ཁོང་ཉིན་ལྟར་གྲི་རྩལ་སློབ་གྲྭར་ཕེབས་ཏེ་གྲི་རྩལ་སྦྱོང་བརྡར་བྱས་ན་མ་

གཏོགས་མང་མཐར་ཡང་སྤྱིར་བཏང་གི་གྲི་རྩལ་པ་ཞིག་ལས་འགྱུརམི་སྲིད།  འོན་ཀྱང་།  གྲི་རྩལ་དང་རྟ་རྩལ་ནི་མི་དྲག་ཅིག་གི་སློབ་སྐྱོང་ལ་ངེས་པར་མཁོ་བའི་ཆ་རྐྱེན་དུ་ངོས་བཟུང་བ་ཡིན་ན།  མི་དྲག་སུ་ཞིག་གིས་ཀྱང་འདི་འདྲའི་ཁྱད་ཆོས་ལྡན་པར་གཏན་ནས་མི་འཇུག་པ་དེ་ཧ་ཅང་དཀའ་བའི་གནས་སུ་འགྱུར་ངེས།  དེའི་དབང་

གིས་ངས་གནད་དོན་འདི་ཉིད་ཕྲུ་གུའི་ཕ་རྣམས་ལ་བསམ་གཞིགས་བྱ་རྒྱུར་འཇོག་བསམ་ཞིང་།  ཁོའི་བུ་ཡི་

སྤོབས་པ་དང་འཚོ་བའི་གོ་གནས་ཇི་འདྲ་ཞིག་འཛིན་ངེས་པའི་ཐད་དུ།  བུ་དེ་འདི་འདྲའི་དར་སྲོལ་ལ་གོམས་

པར་འཇུག་པ་དང་ཡང་ན་དེ་ལ་གོམས་པར་སྐུལ་མ་གཏོང་དགོས་པ་ཞིག་མ་ཡིན་ནམ།  འདི་འདྲའི་དར་སྲོལ་

ནི་སྤྱིར་བཏང་གི་འཚོ་བའི་ནང་དུ་ཧ་ཅང་ཉུང་བའི་འབྲེལ་བ་ཞིག་ཡིན་ཞིང་།  འཐབ་འཛིང་ལ་མཁས་པའི་མི་རིགས་ཤིག་གིས་ཀྱང་སྔོན་ཆད་དེ་ཉིད་རྟོགས་མེད་ལ།  མི་ཞིག་ལ་དར་སྲོལ་འདི་ཉིད་དང་ལེན་བྱས་པ་ལས་

ནུས་ཤུགས་དང་བློ་སྟོབས་འཕེལ་ནུས་པའང་མ་ཡིན།   ང་ཚོས་ཤི་གསོན་ཐག་གཅོད་ཀྱི་འཛིང་མོའི་སྐབས་སུ་གྲི་རྩལ་གྱིས་མི་རྣམས་ཀྱི་དཔའ་ཉམས་ཕྱོགས་ཀྱི་འཇོན་ཐང་ཇེ་བཟང་དུ་གཏོང་ཐུབ་པར་གཏན་ཁེལ་བྱས་ན་མ་

གཏོགས།  རང་ཉིད་ཀྱིས་བསམ་ན་ཤི་གསོན་ཐག་གཅོད་ཀྱི་འཛིང་མོ་ནི་རྗེས་སུ་རྩ་མེད་དུ་འགྱུར་ངེས།

༢༠༠  གོང་གསལ་དག་ནི་ངས་སློབ་སྦྱོང་དང་གྲུབ་འབྲས་ལ་བཏོན་པའི་བསམ་འཆར་ཡིན།  དེ་དག་ཐམས་ཅད་ཀྱི་འགན་འཁྲི་གཙོ་བོ་དེ་ཀུན་སྤྱོད་དང་ཤེས་རབ་ལགས།

ཤེས་རབ་ཡོད་ན་ལྷ་ཡི་རང་བཞིན་ལྡན།”(nullum numen abest,si sit prudentia)

ཁྱོད་ཀྱིས་ཁོང་ལ་རང་ཉིད་ཀྱི་དགའ་ཞེན་ལ་ཚོད་འཛིན་དང་དགའ་ཞེན་གྱིས་བློ་རིག་གསལ་པའི་སྣེ་ཁྲིད་དང་ལེན་བྱེད་ཐུབ་པར་འཇུག་ནུས་པ་ལ་མཛུབ་ཁྲིད་གནང་འོས།  ནམ་ཞིག་དོན་ཆུང་འདི་བསྒྲུབ་ནུས་པ་མ་ཟད།  དུས་རྒྱུན་དུ་སྦྱངས་པ་བྱས་ཏེ་གོམས་གཤིས་སུ་གྱུར་རྗེས།  དོན་དག་གི་ཆེས་དཀའ་ཚེགས་ཆེ་བའི་ཁག་ཅིག་ཡོལ་ཟིན།  ན་གཞོན་ཞིག་ལ་

དོན་འདི་ཙམ་བསྒྲུབ་པར་འཇུག་ནུས་ན།  ངའི་བསམ་པར་དགའ་ཞེན་གཟེངས་བསྟོད་ཀྱི་ ནུས་པ་ལས་ཆེ་འགྱུར་གྱི་ནུས་པ་ཞིག་དངོས་པོ་གང་ལའང་མ་མཆིས་པས།  གང་དྲག་ཅི་  དྲག་གི་ཐབས་ཤེས་སྤྱད་ནས་འདི་འདྲའི་དགའ་ཞེན་གཟེངས་བསྟོད་ཀྱི་བློ་ཁ་དེ་ཁོང་གི་   སེམས་ལ་འཇུག་འོས་པ་ཡིན།  ཁྱོད་ཀྱིས་གང་ནུས་ཅི་ལྕོག་གིས་ཁོང་ལ་སྙན་གྲགས་དང་ངོ་ཚ་རྟོགས་ནུས་པར་འཇུག་འོས།  ནམ་ཞིག་ཁྱོད་ཀྱིས་དོན་འདི་ཙམ་སྒྲུབ་ནུས་བྱུང་ན།  ཁྱོད་ཀྱིས་ཁོང་གི་སེམས་ནང་དུ་རྩ་དོན་ཞིག་བཙུགས་པ་རེད།  ཁྱོད་རང་ཁོང་གི་གམ་དུ་མེད་  དུས་སུ་རྩ་དོན་དེས་ཁོང་གི་སྤྱོད་ལམ་ལ་ཤུགས་རྐྱེན་ཐེབས་ནུས།  དེ་ནི་ཁྲིད་དབྱུག་ལ་སྐྲག་པའི་འབྲབ་རྡུང་གིས་འགྲན་ནུས་པ་ཞིག་མ་ཡིན་པར་འོས་འཚམ་གྱི་རྨང་གཞི་ཞིག་ཡིན།   རྗེས་སུ་རྨང་གཞི་དེའི་སྟེང་དུ་ཀུན་སྤྱོད་དང་ཆོས་ལུགས་ཀྱི་རྩ་དོན་དངོས་ཀྱི་མཐུད་སྦྱོར་  ཡལ་ག་སྐྱེས་ཆོག

  ངས་ད་དུང་དོན་དག་ཅིག་ལ་ཁ་གསབ་བྱ་དགོས།  ནམ་ཞིག་དོན་དེ་བཤད་པའི་རྗེས་ལ་མི་གཞན་གྱིས་ང་ལ་དོགས་པ་སྐྱེས་པའི་ཉེན་ཁ་འབྱུང་སྲིད།  དེ་ནི་མི་རྣམས་ཀྱིས་ངས་རང་ཉིད་ཀྱིས་མིག་སྔར་བགྲོ་གླེང་ བྱས་པའི་དོན་དག་ཅི་ཞིག་ཡིན་པ་བརྗེད་སོང་བ་མ་ཟད།   སྔོན་ཆད་བཤད་པའི་སློབ་གསོའི་ཐད་ཀྱི་སྐད་ཆ་   ཚང་མ་མི་དྲག་ཅིག་གི་སྐོར་ཡིན་ལ།   དེ་དང་སྒྱུ་རྩལ་ནི་རྩ་བ་ནས་འབྲེལ་བ་མེད་པ་བརྗེད་སོང་བ་རེད་བསམ་པ་དེ་ཡིན་མོད།   ངས་མི་བརྗོད་ཐབས་མེད་དུ་གྱུར་བས།  ངའི་རེ་བར་མི་དྲག་ཅིག་ཡིན་ནའང་སྒྱུ་རྩལ་རིགས་ གཅིག་སྦྱོང་དགོས་ཏེ་ལག་བཟོའི་སྒྱུ་རྩལ་རིགས་གཅིག་སྦྱོང་དགོས་ལ།   དེ་ཡང་རིགས་གཅིག་ཁོ་ནར་ཟད་པ་མ་ཡིན་པར།  རིགས་གཅིག་ལ་དམིགས་བསལ་གྱིས་དོ་གཟབ་བྱེད་དགོས་པ་ཙམ་ལས་རིགས་གཉིས་གསུམ་ཞིག་སྦྱོང་འོས་པ་རེད།

评论
发布

2015年